གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏི་རུའི་དཀའ་ངལ་སེལ་ཐབས་ཀྱི་ ཐབས་ལམ་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ།

༩/༣/༢༠༡༣   ༉ ཁ་ཙ་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་སྦེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ རྒྱ་གར་གྱི་གསོག་འཇོག་དངུལ་ཁང་ རི་ཟབ་བེངཀི་གི་བར་ན་ ཏི་རུའི་དཀའ་ངལ་སེལ་ཐབས་ཀྱི་ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས།


ཆིངས་ཡིག་དང་འཁྲིལ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱ་གར་གྱི་ རི་ཟབ་བེངཀི་ནང་ལས་ ཡུ་ཨེསི་ཌོ་ལར་དང་ ཡུ་རོ་ དེ་ལས་ རུ་པི་ཚུ་ ག་ཅི་ར་འབད་རུང་ ཡུ་ཨེསི་ཌོ་ལར་ས་ཡ་༡༠༠ འི་ཚད་འཛིན་ཐོག་ བསྐྱིན་འགྲུལ་ལེན་ཚུགས་ནི་ཨིན་པས།
ཨར་བི་ཨའི་གི་ གནས་ཚུལ་གསར་བཏོན་ཅིག་དང་འཁྲིལཝ་ད་ རང་གི་དགོས་མཁོ་དང་བསྟུན་ ཏི་རུ་ཚུ་ཡང་ དུས་ཚོད་ཁག་མ་འདྲཝ་ཚུ་གི་ཐོག་ལས་ བཏོན་ཚུགས་ནི་དང་ ཆིངས་ཡིག་དེ་ལུ་བརྟེན་ རྒྱ་འབྲུག་གཉིས་ཀྱི་བར་ནའི་ དཔལ་འབྱོར་མཉམ་འབྲེལ་ རྩ་བརྟན་བཟོ་ཚུགས་ཟེར་ རྒྱ་གར་གྱི་ གནས་ཚུལ་གསར་ཤོག་ཅིག་ནང་ བཀོད་ནུག།
གནས་ཚུལ་གསར་ཤོག་དེ་དང་འཁྲིལཝ་ད་ ཆིངས་ཡིག་དེ་གི་ གནས་ཡུན་དེ་ཡང་ མཚན་རྟགས་བཀོད་པའི་ཉིནམ་ལས་འགོ་བཙུགས་ ལོ་༣ གྱི་རིང་ཨིན་པས།
ད་རེས་ཀྱི་ ཆིངས་ཡིག་དེ་ཡང་ སྤྱི་ལོ་༢༠༡༢ ལུ་ རྒྱ་གར་གྱི་ རི་ཟབ་བེངཀི་གི་སྤྱི་འཛིན་ ཌི་ སུ་བཱ་རའོ་གིས་ ནེ་པཱལ་ལུ་འཚོགས་མི་ ལྷོ་ཨེ་ཤི་ཡའི་ སྤྱི་འཛིན་ཞལ་འཛོམས་ཀྱི་སྐབས་ ཁས་བླངས་འབད་མི་དང་འཁྲིལ་ཏེ་ཨིནམ་ད་ དེ་བསྒང་ ཌི་ སུ་བཱ་རའོ་གིས་ ཕྱི་རྒྱལ་གྱི་ཏི་རུ་དང་ རུ་པི་གཉིས་ཆ་རའི་ཐོག་ལས་ ལུང་ཕྱོགས་རྒྱལ་ཁབ་ཚུ་གི་དོན་ལུ་ ཡུ་ཨེསི་ཌོ་ལར་ དུང་ཕྱུར་༢ ཀྱི་ཚད་གཞིའི་ཐོག་ལུ་ ཏི་རུ་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ ཞབས་ཏོག་དེ་ བྱིན་ནི་སྦེ་ སླབ་ཡོདཔ་ཨིན་པས།
ཞབས་ཏོག་དེ་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་རྒྱལ་ཁབ་ ཨཕི་གཱ་ནིསི་ཏཱན་དང་ བང་ལ་དེཤ་ འབྲུག་ མཱལ་དེབསི་ ནེ་པཱལ་ པ་ཀིསི་ཏཱན་ དེ་ལས་ ཤྲི་ལངྐ་གིས་ འཐོབ་ཚུགས་ནི་ཨིན་པས།
མཐུན་རྐྱེན་དེ་ཡང་ རྒྱལ་ཁབ་ཚུ་གི་བར་ནའི་ རྩིས་སྤྲོད་ལེན་གྱི་ དཀའ་ངལ་བསལ་ནི་དང་ ཏི་རུ་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ འགོ་འདྲེན་འཐབ་ཡོདཔ་ད་ མ་འོངས་པ་ལུ་ ཡུན་རིང་གི་ ཐབས་ལམ་ཚུ་ བཏོན་མ་ཚུགས་ཚུན་ལུ་ འགོ་འདྲེན་འཐབ་ནི་ཨིན་ཟེར་ གནས་ཚུལ་གསར་ཤོག་ནང་ བཀོད་ནུག།
གནས་ཚུལ་དང་འཁྲིལཝ་ད་ མཐུན་རྐྱེན་དེ་གིས་ ལུང་ཕྱོགས་ནང་ དངུལ་འབྲེལ་གནས་སྟངས་ཚུ་ སྒྲིང་སྒྲིང་བཟོ་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།
ད་རེས་ ཆིངས་ཡིག་དེ་གུ་ མཚན་རྟགས་བཀོད་པར་འགྱོ་མི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་དཔོན་ཚུ་ ད་རིས་འབྲུག་ལུ་ ལོག་ལྷོད་ནི་དང་ དབང་འཛིན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ དེ་གི་སྐོར་ལས་ འབྲེལ་བ་འཐབ་མི་འགོ་དཔོན་དེ་ རྒྱ་གར་རྒྱལ་ཁབ་ནང་ཡོདཔ་ལས་ ཁོང་གིས་ ག་ཅི་ཡང་ སླབ་མི་ཤེས་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment