གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་༡༤ ལུ་ བཙོན་ཁྲིམས་ལོ་རེ་བཀལ་ཡོདཔ།

༩/༣/༢༠༡༣   ༉ ཁ་ཙ་ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ ཚོགས་ཆུང་གི་ འཐུས་མི་༡༤ ལུ་ ཁྲོམ་ས་ཚུ་ བགོ་བཀྲམ་འབདཝ་ད་  རང་མོས་རྣམ་དག་ཐོག་ལས་ འགན་ཁུར་ཚུལ་ལྡན་མ་འབག་པའི་ ཉེས་པ་ལུ་བརྟེན་  བཙོན་ཁྲིམས་ལོ་རེ་བཀལ་མི་དེ་ ཁྲིམས་འཐུས་བཏབ་ཆོག་པའི་ ཁྲིམས་ཀྱི་བཀའ་རྒྱ་གནང་ཡི།


ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འཐུས་མི་ཚུ་ལུ་ ཡིག་ཚང་བྱ་སྤྱོད་ངན་པའི་ ཉེས་འཛུགས་འབད་ཡོད་མི་དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༡༩༨༧ ལུ་གནང་མི་ བཀའ་རྒྱ་དང་ ཞབས་ཏོག་ལྷན་ཁག་གིས་བཟོ་མི་ ཁྱད་ཚད་དང་ ལམ་སྟོན་ཚུ་དང་ མ་འཁྲིལ་བར་ ས་ཆ་བགོ་བཀྲམ་འབད་ཡོད་མི་ལུ་བརྟེན་ཨིན་པས།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་དེ་ སྤྱི་ལོ་༢༠༠༥ དང་༢༠༠༦ ལུ་ མོང་སྒར་རྫོང་བདག་སྦེ་ སྡོད་པའི་སྐབས་ གཞི་བཙུགས་འབད་ཡོད་མི་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་འཐུས་མི་༡༨ ཡོད་མི་ལས་ འཐུས་མི་༢ ཕྱི་རྒྱལ་ལུ་ ཤེས་ཡོན་སྦྱང་པའི་བསྒང་ཡོདཔ་ད་ འཐུས་མི་གཞན་༢ པོ་དེ་ རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༡ པའི་ཚེས་༡༡ ལུ་ རྩོད་གཞི་ཕྱེ་མ་དགོ་པར་ བཤོལ་བཞག་འབད་ཡོད་མི་དེ་ཡང་ ཁོང་༢ ཀྱི་མིང་ཐོ་དེ་ ཚོགས་ཆུང་གི་ གྲོས་ཆོད་ནང་ཡོད་རུང་ ཞལ་འཛོམས་ཀྱི་ ཐོ་དེབ་ནང་ མིང་རྟགས་བཀོད་དེ་མེད་ནི་དེ་གིས་་ཨིན་པས།
ཨིན་རུང་ ཕྱི་རྒྱལ་ལུ་ ཤེས་ཡོན་སྦྱང་པའི་བསྒང་ཡོད་མི་ འཐུས་མི་༢ པོ་དེ་ རྒྱལ་ཁབ་ནང་ ལོག་ལྷོད་ཞིནམ་ལས་ རྩོད་གཞི་ཕྱེ་ནི་སྦེ་ ཕྱིར་བཤོལ་བཞག་སྟེ་ཡོད་ཟེར་ དྲང་དཔོན་མགོན་པོ་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཚོགས་ཆུང་གིས་ གཞུང་གི་ཚད་གཞི་བཀོད་མི་ ལམ་ལུགས་དང་མ་འཁྲིལ་བར་ མོང་སྒར་དགྲ་མེད་རྩེ་གྲྭ་ཚང་དང་ བུམ་ཐང་མཁར་ཆུ་གྲྭ་ཚང་ དེ་ལས་ ཀུར་རི་ཆུ་གློག་མེ་ལས་འགུལ་གྱི་ འགོ་དཔོན་ཅིག་གི་ གནས་ཚང་ཨིན་མི་ ཀུན་བཟང་སྒྲོལ་མ་དང་ སྐུ་འཁོར་༢ རྩིས་ཏེ་ ས་ཚན་ཁག་༥ སྤྲོད་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལ་བ་ཅིན་ རྒྱལ་པོའི་ཞིང་ལུ་ ས་ཆ་བགོ་བཀྲམ་འབདཝ་ད་ ཉེས་འཛུགས་ཅན་འཐུས་མི་ཚུ་གིས་ སེམས་བག་གཡེང་ཤོར་ཏེ་ ཚོགས་ཆུང་གི་ འཐུས་མི་ཚུ་གི་ འགན་ཁུར་དེ་ རང་མོས་རྣམ་དག་གི་སྒོ་ལས་ མ་འབགཔ་མ་ཚད་ ཁྲོམ་ས་བགོ་བཀྲམ་འབད་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་ལུ་ གཞི་བཞག་སྟེ་ གཞུང་ཞབས་ཀྱིས་ ཆ་འཇོག་གནང་ཡོད་པའི་ ཚད་གཞི་དང་ ལམ་སྟོན་ཚུ་དང་མ་འཁྲིལ་བས་ཟེར་ཨིན་པས།
དེ་མ་ཚད་ ཞབས་ཏོག་ལྷན་ཁག་གི་ ཁ་ཐུག་ལས་ གཞུང་ལས་གནང་བ་མ་གནང་ཚུན་ རྫོང་ཁག་ནང་ ས་ཆ་སྤྲོད་ནི་དང་ ཐོ་བཀོད་འབད་ནི་ཚུ་ག་ར་ ཕར་ཕུད་རྐྱབ་བཞག་དགོ་པའི་ ཁྱབ་བསྒྲགས་ལུ་ཡང་ མ་གནས་པར་ བགོ་སྤྲོད་འབད་ཡོདཔ་མ་ཚད་ ཧེ་མའི་ལམ་ལུགས་དང་འཁྲིལ་ ས་ཐོབ་ལམ་ཡོད་མི་ཚུ་གི་ཐོ་ཚུ་ འབྲེལ་ཡོད་ལྷན་ཁག་བརྒྱུད་དེ་ མི་དབང་མངའ་བདག་རིན་པོ་ཆེ་ལས་ གནང་བ་ཡང་ མ་ཞུ་བའི་ཁར་ ཧེ་མ་ལས་ ས་དགོ་ནིའི་དོན་ལུ་ ཞུ་ཡིག་ཕུལ་མི་༡༢༤ པོ་ རྒྱབ་སྐྱུར་བཞག་སྟེ་ ཚུལ་མིན་གྱི་ཐོག་ ཁྲོམ་སྡེ་ཚོགས་ཆུང་ཚོགས་ཐེངས་༣༠ པ་དང་༣༤ འཚོགས་པའི་སྐབས་ལུ་ སྤྲོད་ནུག་ཟེར་ཨིན་པས།
འཁྲུན་ཆོད་ནང་ རྒྱལ་པོ་ཞིང་གི་ ཁྲོམ་ས་དེ་ མི་རེ་གཉིས་ཀྱིས་ བློ་འབབ་དང་བསྟུན་ ཉེས་འགྱངས་ཕྱོགས་ལྷུང་གི་དབང་ལུ་ མ་ཤོར་བར་ ཚོགས་ཆུང་གི་ འགན་ཁུར་འབག་དགོཔ་ཅིག་ཨིན་རུང་ འགན་ཁུར་དེ་ ཚུལ་མཐུན་མ་འབག་པས་ཟེར་ བཀོདཔ་ཨིན་པས།
འཐུས་མི་ཚུ་གིས་ སླབ་མིའི་ནང་ ཁོང་ལུ་ ས་ཆ་བགོ་བཀྲམ་དང་འབྲེལ་བའི་ ཁེ་ཕན་ཐོབ་ཐོབ་ག་ནི་མེད་རུང་ བཙོན་ཁྲིམས་ལོ་༡ བཀལ་མི་དེ་ ཁེ་རྒུད་མ་བཏུབ་ལས་ མཐོ་གཏུགས་ཞུ་ནི་གི་ མནོ་བསམ་བཏང་པའི་བསྒང་ཡོད་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment