གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༩/༣/༢༠༡༣   ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་འདོད་ཡོད་མི་ཚུ་ ད་རིས་ལས་ བློ་བདེ་འབྱུང་ནི།
༉ བདུན་ཕྲག་འདི་གི་ རེས་གཟའ་སྤེན་པ་ལུ་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་མཇུག་བསྡུ་བའི་སྐབས་ ཆ་མཉམ་གྱི་སེམས་ཁར་ གསལ་བསྒྲགས་གལ་ཅན་ཅིག་འབད་བའི་ རེ་བ་བསྐྱེད་ནུག།


བཙག་འཐུའི་བཅའ་ཁྲིམས་ནང་ ཚོགས་ཁང་གོང་འོག་གཉིས་ཡོད་པའི་ སྤྱི་ཚོགས་ནང་ མི་དབང་མངའ་ཞབས་མཆོག་གིས་ ཚོགས་སྡེའི་དོན་ལུ་ བཙག་འཐུའི་ཚེས་གྲངས་ཚུ་ གསལ་བསྒྲགས་འབད་དགོ་པའི་ཚིག་འབྲུ་ འཁོད་ཡོདཔ་མ་ཚད་ ད་ལྟོའི་ ཚོགས་སྡེ་གི་འཐུས་མི་ཚུ་གིས་ ཡིག་ཚང་ནང་ལས་ དགོངས་ཞུ་འབད་མ་དགོ་པར་ ལོག་དོ་འགྲན་འབད་ནི་གི་ དོགས་སེལ་ཡང་ གནང་དགོཔ་སྦེ་ཨིན་མས།
དེ་བསྒང་ ལོ་རྒྱུས་ག་ནི་ཡང་ མེད་ནི་དེ་གིས་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ གནས་ཡུན་མཇུག་བསྡུ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ཚེས་གྲངས་སྐོར་ལས་ འཐུས་མི་ལེ་ཤ་ཅིག་ར་ མགུ་འཐོམ་ལུས་ནུག།
ཨིན་རུང་ ད་རིས་ མི་དབང་མངའ་ཞབས་མཆོག་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་གྱི་བཀའ་ཤོག་ གནང་ནི་ཨིནམ་ལས་ དང་འདོད་ཅན་གྱི་ འདེམས་ངོ་ཚུ་ བློ་བདེ་འབྱུང་ནི་ཨིན་མས།
བཙག་འཐུའི་བཅའ་ཁྲིམས་དང་འཁྲིལཝ་ད་ ཚོགས་སྡེ་གསརཔ་དེ་ ད་ལྟོའི་ ཚོགས་སྡེ་གི་གནས་ཡུན་ མཇུག་བསྡུའི་ཉིནམ་ལུ་ ལོག་གཞི་བཙུགས་འབད་དགོཔ་ཨིནམ་ལས་ སྤྱི་ཟླ་༤ པའི་ཚེས་༢༨ ཀྱི་ནང་འཁོད་ལུ་ ཚོགས་སྡེ་གསརཔ་ཅིག་ བཙག་འཐུ་འབད་ཚར་དགོཔ་ཨིན་མས།
དང་འདོད་ཅན་ཚུ་དང་ ལོག་དོ་འགྲན་འབད་མི་ཚུ་ རྫོང་ཁག་ནང་འཁོད་དང་ རང་སོའི་ རྒེད་འོག་ནང་ འདེམས་ངོ་གསལ་སྟོན་འབད་ནི་དང་ བསྐུལ་བསྒྲགས་འབད་ནིའི་དོན་ལུ་ བདུན་ཕྲག་༢ དེ་ཅིག་ལས་ མེདཔ་ཨིན་མས།
ད་ཚུན་ ཚོགས་སྡེའི་འཐུས་མི་ ལ་ལུ་ཅིག་གིས་ ཡིག་ཚང་ནང་ལས་ དགོངས་ཞུ་མ་འབད་བར་ ལོག་དོ་འགྲན་འབད་ཆོག་པའི་སྐོར་ལས་ སླབ་དོ་ཡོདཔ་ཨིན་རུང་ ཡིག་ཐོག་ལུ་ ཁ་གསལ་བཀོད་དེ་མེད་ནི་དེ་གིས་ ཆ་མ་བཞགཔ་ཨིན་མས།
ཁ་ཉིནམ་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ ཚོགས་སྡེའི་འཐུས་མི་ཚུ་དང་ཕྱད་དེ་ ཤུལ་མའི་བཙག་འཐུ་གི་ གྲ་སྒྲིག་དོན་ལུ་ བཙག་འཐུའི་ཁྲིམས་དང་ལམ་ལུགས་ བསྐུལ་བསྒྲགས་ཐབས་བྱུས་དང་དངུལ་འབྲེལ་གྱི་སྐོར་ལས་ གསལ་བཤད་འབད་ནུག།
བཙག་འཐུའི་དུས་ཚོད་རན་ཡོདཔ་ལས་ འཐུས་མི་དག་པ་ཅིག་གིས་ ཚོགས་སྡེའི་སྡོད་ཁྲི་དོན་ལུ་ ལོག་དོ་འགྲན་འབད་ནི་དང་ ཡང་ཅིན་ དགོངས་ཞུ་འབད་ཞིནམ་ལས་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་ནི་གི་ སེམས་ཐག་བཅད་ཚར་ནུག།
ཚོགས་སྡེའི་འཐུས་མི་ ལ་ལུ་ཅིག་གི་མནོ་བསམ་ལུ་ བཙག་འཐུའི་དུས་ཚོད་གངམ་མེད་པའི་ ཚོར་སྣང་བྱུང་མི་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ ཚོགས་སྡེ་གསརཔ་ཅིག་ ངེས་པར་དུ་ གཞི་བཙུགས་འབད་ནི་ཨིན་པ་ཅིན་ སྤྱི་ཟླ་དང་པ་རྫོགས་ཁམས་ཅིག་ལས་ བཙག་འཐུའི་བྱ་རིམ་ཚུ་ འགོ་བཙུགས་དགོ་པའི་རེ་བ་ཨིནམ་ད་ དེ་གིས་ དང་འདོད་ཡོད་མི་ཚུ་ བསྐུལ་བསྒྲགས་འབད་ནི་དང་ ཉེ་བར་མཁོ་བའི་ ཡིག་ཆའི་ལཱ་ཚུ་འབད་ནིའི་དོན་ལུ་ དུས་ཡུན་ཟླཝ་༡ དེ་ཅིག་ འཐོབ་ཚུགས་ནི་མས།
དུས་ཅི་གི་ ཚོགས་སྡེའི་བཙག་འཐུ་ནང་ དང་འདོད་ཡོད་མི་ཚུ་གི་དོན་ལུ་ གཞུང་འབྲེལ་གྱི་ བསྐུལ་བསྒྲགས་དུས་ཡུན་དེ་ ཟླཝ་མ་ལངམ་ཅིག་དང་ ཡང་ཅིན་ བདུན་ཕྲག་༣ དེ་ཅིག་ལས་ མི་འཐོབ་ནི་ཨིན་མས།
ཨིན་རུང་ ཚོགས་སྡེའི་བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ དང་འདོད་ཡོད་མི་ཚུ་ འཕྲོ་མཐུད་དེ་ར་ ཐོན་དོ་ཡོདཔ་ད་ རྫོང་ཁག་ལ་ལུ་ཅིག་ནང་ གོ་གནས་གུ་ཡོད་མི་ཚུ་ མ་རྩིས་བར་ འདེམས་ངོ་༥ ལྷགཔ་རེ་ ཐོན་ཡོདཔ་མ་ཚད་ རང་སོའི་ དོ་འགྲན་འབད་སའི་ ས་གནས་ཚུ་ནང་ ལྷོད་ནུག་ཟེར་ ཞུ་ནི་ཨིན།

No comments:

Post a Comment