གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོག་དོ་འགྲན་འབད་ནིའི་དོན་ལས་ བཙག་འཐུའི་གསལ་བསྒྲགས་ལུ་ སྒུག་དོ་ཡོདཔ།

༨/༣/༢༠༡༣   ༉ རྒྱལ་ཡོངས་ཚོགས་སྡེའི་གནས་ཡུན་ ཚང་རནམ་དང་བསྟུན་ འཐུས་མི་ལ་ལུ་ཅིག་གིས་ ལོག་དོ་འགྲན་འབད་ནིའི་ དང་འདོད་བསྐྱེད་དོ་ཡོདཔ་ཨིན་པས།

བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་ལུ་ བཙག་འཐུ་གི་ བྱ་སྒོའི་རིམ་པ་སྐོར་ལས་ གྲོས་བསྡུར་ཞལ་འཛོམས་ཅིག་ འཚོགས་པའི་བསྒང་།

ཚོགས་སྡེའི་ཁྲི་འཛིན་འོག་མ་ དྲགོས་ཌོག་ཊར་ བསོད་ནམས་ཀུན་དགའ་གིས་ བརྡ་བརྒྱུད་ཐོག་ལས་ བཙག་འཐུ་ནང་ ལོག་དོ་འགྲན་འབད་ནིའི་ དང་འདོད་གསལ་བཀོད་འབད་ཡོདཔ་མ་ཚད་ འཐུས་མི་ལ་ལུ་ཅིག་ཡང་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
ཐིམ་ཕུ་གི་ ཚོགས་སྡེའི་འཐུས་མི་ སངས་རྒྱས་བཟང་མོ་གིས་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་སྦེ་ འཐོན་ནིའི་དོན་ལུ་ གཏན་འཁེལ་བཟོ་ཚར་ནུག།
དེ་འབདཝ་ད་ ཚོགས་སྡེའི་འཐུས་མི་ ལ་ལུ་ཅིག་ དུས་ཅི་གི་ བཙག་འཐུ་ནང་ ལོག་བཅའ་མར་གཏོགས་ནིའི་དོན་ལུ་ དོགས་སྣང་བྱུང་མི་དེ་ཡང་ ད་ལྟོ་ ལམ་ལུགས་ཁ་གསལ་ཅིག་ མེད་པ་ལུ་བརྟེན་ཨིན་པས།
ཚོགས་སྡེའི་འཐུས་མི་ ལ་ལུ་ཅིག་གིས་ སླབ་མིའི་ནང་ ལོག་དོ་འགྲན་འབད་ནིའི་ མནོ་བསམ་བཏང་རུང་ ད་ལྟོ་ བཅའ་མར་གཏོགས་ཆོག་མི་ཆོག་གི་ལམ་ལུགས་ དཔེ་འབད་བ་ཅིན་ དགོངས་ཞུ་འབད་དགོཔ་ཨིན་ན་དང་ ཡང་ཅིན་ ཡིག་ཚང་གི་ གནས་ཡུན་མ་ཚང་ཚུན་ འཕྲོ་མཐུད་བཙག་འཐུ་ནང་ཡང་ བཅའ་མར་གཏོགས་ཆོགཔ་ཨིན་ནའི་སྐོར་ལས་ ཁ་གསལ་ཅིག་མེདཔ་ལས་ ཐག་བཅད་མི་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ ཁ་ཙ་ ཚོགས་སྡེ་གིས་ ཞུ་བ་འབད་མི་དང་བསྟུན་ བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་སྡེའི་འཐུས་མི་ཚུ་ལུ་ བཙག་འཐུའི་ནང་ འབྲེལ་གཏོགས་སྐབས་ཀྱི་ བྱ་སྒོའི་རིམ་པ་དང་ ལམ་སྟོན་ འབད་ཆོག་དང་མ་ཆོགཔ་ དེ་ལས་ ཐོབ་དབང་རིམ་པ་ཚུ་གི་ གནད་དོན་ཐོག་ལུ་ གྲོས་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཅི།
བདུན་ཕྲག་འདི་ནང་ ཚོགས་སྡེའི་བཙག་འཐུ་དང་ གསལ་བསྒྲགས་ཚུ་འབད་ནིའི་ འོས་འབབ་སྐོར་ལས་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤད་མི་ལུ་བརྟེན་ ཚོགས་སྡེའི་འཐུས་མི་ལ་ལུ་ཅིག་གིས་ བཙག་འཐུའི་གསལ་བསྒྲགས་འབད་ཞིནམ་ལས་རྐྱངམ་གཅིག་ ཐག་བཅད་ཚུགས་ནི་མས་ཟེར་ སླབ་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གྲོས་བསྡུར་ཞལ་འཛོམས་དེ་ དུས་ཅི་གི་ བཙག་འཐུ་དེ་ མཐར་འཁྱོལ་ཅན་འབྱུང་ནི་དང་ དང་འདོད་ཅན་གྱི་འདེམས་ངོ་ཚུ་ ཁྲིམས་མཐུན་གནས་ཐབས་ལུ་ བྱ་སྒོའི་རིམ་པ་ཚུ་ གསལ་བཤད་འབདཝ་ཨིནམ་ལས་ གྲོས་འཛོམས་དེ་ ལྷན་ཚོགས་ཀྱི་དོན་ལུ་ གལ་ཆེ་ཤོས་ཅིག་ཨིན་ཟེར་ཨིན་པས།
ད་ལྟོ་ཚུན་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་གསརཔ་༤༠ དེ་ཅིག་ ཐོན་ཡོདཔ་ད་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤད་མིའི་ནང་ རྫོང་ཁག་རེ་ལས་ འདེམས་ངོ་༢ རེ་ ཡོདཔ་ལས་ དུས་ཅི་ རྫོང་ཁག་ཆ་མཉམ་ར་ སྟབས་གཅིག་ཁར་ བཙག་འཐུ་འབད་ཚུགས་ནི་ཨིནམ་ལས་ ལྷན་ཚོགས་ལུ་ དུས་ཚོད་དང་ མ་དངུལ་ཚུ་ ཐེབས་གཏང་མ་དགོ་པའི་ ཕན་ཐོགས་འབྱུང་ནི་མས་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment