གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔག་བསམ་ཁ་ལས་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ ཕར་ཚུར་འབག་ནི་བཀག་དམ།

༡༣/༣/༢༠༡༣   ༉ ཆུ་ཁ་རྫོང་ཁག་ བསམ་འཕེལ་གླིང་རྒེད་འོག་ དཔག་བསམ་ཁ་ལས་ སྒོ་ནོར་གྱི་ ཐོན་སྐྱེད་ག་ཅི་ར་ཨིན་རུང་ ཕར་ཚུར་སྐྱེལ་འདྲེན་འབད་ནི་ཚུ་ བཀག་དམ་འབད་མི་དེ་ བསྟར་སྤྱོད་འབད་བཞིན་དུ་ཡོད་ཟེར་ ཁ་ཙ་ ཕུན་ཚོགས་གླིང་ལུ་ཡོད་མི་ སོ་ནམ་ལྷན་ཁག་འོག་གི་ སྒོ་ནོར་བརྟག་དཔྱད་ཁང་ཆུང་བའི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།

སྒོ་ནོར་སྡེ་ཚན་གྱིས་ འཆོལ་ནད་ཨིན་མིན་ བརྟག་དཔྱད་འབད་ནིའི་དོན་ལུ་ ཤི་རྐྱེན་བྱུང་མི་
བ་གི་ཀླདཔ་གི་ དཔེ་ཚད་བཏོན་པའི་བསྒང་།

དེ་ཡང་ ས་ཁོངས་དེ་ནང་ སྤྱི་ཟླ་༢ པའི་ཚེས་༢༨ ལུ་ ཁྱིམ་ཅིག་གི་ བ་ནོར་༡ འཆོལ་ནད་ཐོབ་མི་ རོ་ཁྱི་གིས་ སོ་བཏབ་སྟེ་ ཤི་རྐྱེན་བྱུང་ཡོདཔ་ ངོས་འཛིན་བྱུང་པའི་ཤུལ་ལུ་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་དང་ སྒོ་ནོར་ལས་ཁུངས་ཀྱིས་ སྤྱི་ཟླ་༣ པའི་ཚེས་༢ ལུ་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ ཕར་ཚུར་འབག་མ་ཆོགཔ་སྦེ་ རྫོང་ཁག་དང་ ཁྲོམ་སྡེ་ དྲུང་ཁག་ལུ་ ཁྱབ་བསྒྲགས་འབད་ཡོདཔ་ཨིན་པས།
སྒོ་ནོར་ནད་བརྟག་ཁང་གིས་ འཆོལ་ནད་ཐོན་ཡོད་པའི་སྐོར་ གསལ་བསྒྲགས་འབད་མི་དང་འཁྲིལ་ སྒོ་ནོར་གྱི་ཐོན་སྐྱེད་ དཔེར་ན་ ཨོམ་དང་ མར་ དར་ཚིལ་ཚུ་ དཔག་བསམ་ཁ་ནང་འཁོད་དང་ ཕྱི་ཁ་ལུ་ གནས་སྐབས་ཅིག་ བཙོང་མ་ཆོགཔ་སྦེ་ བཀག་འཛིན་འབད་ནུག།
དེ་མ་ཚད་ བཀག་དམ་ཆ་མེད་ཀྱི་ ཁྱབ་བསྒྲགས་མ་འབད་ཚུན་ཚོད་ མི་ཚུ་གིས་ ས་གནས་དེ་ཁ་ལས་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ མ་ཉོ་ཟེར་ བརྡ་བསྐུལ་འབད་བའི་ཁར་ དུས་རྒྱུན་དུ་ ཨོམ་ཉོ་འཐུང་མི་ཚུ་གིས་ཡང་ མཚམས་འཇོག་འབད་དགོ་ཟེར་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
འཆོལ་ནད་ཐོན་སའི་ ས་གནས་དེ་ཡང་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༡༨ དེ་ཅིག་གི་ས་གནས་ དཔག་བསམ་ཁ་བཟོ་གྲྭ་ས་ཁོངས་ལུ་ མ་ལྷོད་པའི་ བ་ལུ་ཇོ་ར་ཟམ་གྱི་འོག་ལུ་ཨིན་པས།
ཕུན་ཚོགས་གླིང་ སྒོ་ནོར་བརྟད་དཔྱད་ཁང་ཆུ་བའི་ ཌོག་ཊར་བརྩོན་འགྲུས་ཀྱིས་ སླབ་མིའི་ནང་ འཆོལ་ནད་ཀྱི་ སྙན་ཞུ་དང་པ་ར་ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ བ་ལུ་ཇོ་རའི་ ཁྱིམ་གུང་ཅིག་གི་ བ་ནོར་༡ གིས་ བྱ་སྤྱོད་རྣམ་རྟོག་ལང་སི་སི་བཏོན་པའི་ཤུལ་ལུ་ སྒོ་ནོར་རྒྱ་བསྐྱེད་ལྟེ་བ་ལས་ ལྷོད་ཅི་ཟེར་ཨིན་པས།
བ་ལུ་ འཆོལ་ནད་ཐོབ་ཡོད་པའི་ ནད་རྟགས་ཚུ་ཡང་ དུམ་ལང་མི་དང་ ཁ་ཆུ་ཐོན་མི་ལས་ གསལ་སྟོན་འབདཝ་ལས་ ང་བཅས་ཀྱིས་ ནོར་གྱི་ཇོ་བདག་ལུ་ བ་དེ་ ནོར་གཞན་ཚུ་དང་ སླ་མ་བསྲེས་པར་ སོ་སོར་བཞག་སྟེ་ ལྟ་རྟོག་འབད་དགོཔ་སྦེ་ སླབ་ཅི་ཟེར་ ཌོག་ཊར་བརྩོན་འགྲུས་ཀྱིས་ སླབ་ཨིན་པས།
ཨིན་རུང་ ཨོམ་བཞོ་མི་བ་དེ་ དེ་གི་ནངས་པར་ ཤི་སོཔ་ལས་ ཀླདཔ་གི་དཔེ་ཚད་ལེན་ཏེ་ བརྟག་དཔྱད་འབདཝ་ད་ འཆོལ་ནད་ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཤི་རྐྱེད་བྱུང་མི་ བ་ལུ་ འཆོལ་ནད་དེ་ ག་ཏེ་ལས་ ཐོབ་ཡོདཔ་ཨིན་ན་ དབྱེ་ཞིབ་འབདཝ་ད་ བདུན་ཕྲག་གཉིས་དེ་ཅིག་གི་ཧེ་མར་ འཆོལ་ནད་ཐོབ་མི་ རོ་ཁྱི་ཅིག་གིས་ སོ་བཏབ་ཡོདཔ་ད་ སྒོ་ནོར་བརྟག་ཞིབ་སྡེ་ཚན་གྱིས་ ལྷག་པར་དུ་ ཞིབ་དཔྱད་རྐྱབ་ད་ བ་ལུ་སོ་བཏབ་མི་ རོ་ཁྱི་དེ་ དེ་གི་ནངས་པར་ དཔག་བསམ་ཁ་གཙང་ཆུའི་ སྦོ་ལོགས་ཁར་ ཤི་ཡོདཔ་སྦེ་ ས་གནས་ཀྱི་ མི་ཚུ་གིས་ མཐོང་ཡོདཔ་ཨིན་རུང་ སྒོ་ནོར་འགོ་དཔོན་ག་ལུ་ཡང་ སྙན་ཞུ་མ་འབད་བར་ ཐང་བཏང་བཞག་ནུག་ཟེར་ ཌོག་ཊར་བརྩོན་འགྲུས་ཀྱིས་ སླབ་ཨིན་པས།
འཆོལ་ནད་ཁྱབ་སྤེལ་འགྱོ་ནི་གི་ ཉེན་ཁ་ཡོད་མི་ལུ་བརྟེན་ བ་ལུ་ཇོ་ར་གཡུས་ཚན་ནང་སྡོད་མི་ཚུ་ལུ་ རང་སོའི་སྒོ་ནོར་སེམས་ཅན་ཚུ་ སོ་སོར་བཞག་དགོ་པའི་ བསླབ་བཀོད་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ སྤྱི་ཟླ་༣ པའི་ཚེས་༢ ལུ་ ད་རུང་ཇོ་བདག་གཞན་ཅིག་གི་ བ་ཐམ་༡ ལུ་ ཤི་རྐྱེན་བྱུང་མི་དེ་ཡང་ ཧེ་མར་ རོ་ཁྱི་གིས་ སོ་བཏབ་མི་ལུ་བརྟེན་ ཤི་རྐྱེན་བྱུང་མི་ བ་བཟུམ་སྦེ་ར་ འཆོལ་ནད་ཀྱི་ རྟགས་མཚན་ཚུ་ སྟོན་ཡོདཔ་ཨིན་པས།
ད་རུང་ ཞིབ་དཔྱད་འབདཝ་ད་ ས་ཁོངས་དེ་ནང་ལས་ སྒོ་ནོར་གསོ་སྐྱོང་འཐབ་མི་ སོ་ནམ་ཞིང་པ་སོ་སོ་ལས་ དུས་རྒྱུན་དུ་ སྒོ་ནོར་ཐོན་སྐྱེད་ཉོ་སྟེ་ ལག་ལེན་འཐབ་མི་༡༥༦ ཡོད་པའི་ ངོས་འཛིན་བྱུང་རུང་ ད་ཚུན་གྱི་བར་ན་ ཤི་རྐྱེན་དང་ ནདཔ་ཐོན་པའི་ སྙན་ཞུ་མ་ལྷོདཔ་ཨིན་པས།
བ་གི་ཨོམ་འཐུང་མི་ཚུ་ལུ་ འཆོལ་ནད་བཀག་ཐབས་ཀྱི་ སྨན་ཁབ་རྐྱབ་ཡོད་རུང་ མར་དང་དར་ཚིལ་བཟའ་སྤྱོད་འབད་མི་ཚུ་ལུ་ སྨན་ཁབ་མ་རྐྱབ་ཟེར་ ཕུན་ཚོགས་གླིང་གི་ སྨན་བཅོས་སྡེ་འཛིན་ ཌོག་ཊར་ཀུན་ལེགས་ཀྱིས་ བཤདཔ་ཨིན་པས།
སྒོ་ནོར་ནད་བརྟག་སྡེ་ཚན་གྱིས་ སྒོ་ནོར་སེམས་ཅན་གཞན་ཚུ་ལུ་ བརྟག་དཔྱད་འབད་ནིའི་དོན་ལུ་ རེས་གཟའ་སྤེན་པ་ལུ་ འཆོལ་ནད་ཐོན་སའི་ ས་ཁོངས་ནང་ འགྱོ་ནི་གི་ ལས་འཆར་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment