གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་རྒྱལ་སྲས་མཆོག་ ཀུ་ཝེཊ་ལས་ ད་རིས་ ལོག་ཕེབས་ནི།

༡༣/༣/༢༠༡༣  ༉ མི་དབང་མངའ་བདག་རིན་པོ་ཆེའི་ སྐུ་ཚབ་དང་ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་གཙོ་འཛིན་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨྱོན་དབང་ཕྱུག་གིས་ ཀུ་ཝེཊ་ལུ་ སྤྱི་ལོ་༢༠༡༣ ལོའི་ འཛམ་གླིང་རྒྱལ་སྤྱི་ ཀྲོབ་མདའ་ཚ་གཏད་འགྲན་བསྡུར་གྱི་ འགོ་འབྱེད་རྟེན་འབྲེལ་ནང་ འབྲེལ་གཏོགས་གནང་ཡོདཔ་ཨིན་པས།
མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨོྱན་དབང་ཕྱུག་མཆོག་དང་ ཀུ་ཝེཊ་གི་སྲིད་བློན་ རྒྱལ་སྲས་ཤེག་ཇ་བར་ ཨཱལ་མུ་བཱ་རག་ ཨཱལ་ཧ་མེཌ་ ཨཱལ་ས་བྷ།


དེ་ཡང་ ཀུ་ཝེཊ་གི་བརྡ་དོན་དང་ ན་གཞོན་ལས་འབྲེལ་བློན་པོ་དང་ ཀུ་ཝེཊ་ཀྲོབ་མདའ་ཚ་གཏད་ཚོགས་སྡེའི་གཙོ་འཛིན་ རྒྱལ་སྲས་ཤེག་སཱལ་མཱན་ ས་བྷ་ ཨཱལ་ས་ལེམ་ ཨཱལ་ཧུ་མའུཌ་ ཨཱལ་ས་བྷ་གིས་ མགྲོན་བརྡ་ཕུལ་མི་དང་བསྟུན་ བྱོན་གནང་ཡོདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༢ ལས་༨ ཚུན་ ཀུ་ཝེཊ་ལུ་ གཟིགས་སྐོར་གནངམ་ད་ རྒྱལ་སྲས་འཇིགས་རྒྱལ་གྱིས་ ཀུ་ཝེཊ་གི་རྒྱལཔོ་ ཤེག་ས་བྷ་ ཨཱལ་ཨ་མེཌ་ ཨཱལ་ཇ་བར་ ཨཱལ་ས་བྷ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་མ་ཚད་ བརྒྱུད་འཛིན་གྱི་རྒྱལ་སྲས་ ཤེག་ན་ཝཱཕ་ ཨཱལ་ཨ་མེཌ་ ཨཱལ་ཇ་བར་ ཨཱལ་ས་བྷ་དང་ མཇལ་ཕྲད་གནང་ནུག།
རྩེད་འགྲན་ལས་རིམ་ནང་ འབྲུག་གི་ཀྲོབ་མདའ་རྩེ་མི་ ཀུན་བཟང་ཆོས་སྒྲོན་དང་ མོ་གི་སློབ་སྟོན་པ་དེ་ཡང་ བཅའ་མར་གཏོགས་མི་སྦེ་ མགྲོན་བརྡ་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment