གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངོས་འཛིན་མེད་པའི་སྨན་ ལག་ལེན་འཐབ་ནི་ལས་བཀག་དམ།

༩/༣/༢༠༡༣   ༉ འབྲུག་སྨྱོ་རྫས་ཁྲིམས་དོན་དབང་འཛིན་གྱིས་ ཁྲིམས་དོན་ཐོག་ལས་ བཟོ་མི་སྨན་ཚུ་མེན་པའི་ རྒྱལ་ཁབ་ནང་འཁོད་ལས་དང་ ཕྱི་རྒྱལ་ལས་ ནང་འདྲེན་འབད་མི་སྨན་རིགས་ཚུ་ མི་སེར་ཚུ་གིས་ ལག་ལེན་འཐབ་ནི་ལས་ འཛེམ་དགོཔ་ཁག་ཆེ་ཟེར་ཨིན་པས། 


དེ་ཡང་ ཚོང་འབྲེལ་འཐབ་མི་ཚུ་གིས་ ཏི་རུ་བཟོ་ནི་ལུ་དམིགས་ཏེ་ རྫས་སྦྱོར་མ་འདྲཝ་ཚུ་ བླུགས་ཐོག་ལས་བཟོ་མི་ སྨན་རིགས་ཚུ་ ནད་གཞི་ལུ་ ཕན་ཐོགས་ཡོད་ཟེར་སླབ་སྟེ་ མི་སེར་ཚུ་ལུ་ ལག་ལེན་འཐབ་མི་ཚུ་གིས་ བརྟག་དཔྱད་ག་ནི་ཡང་ མ་འབད་བར་ སྤྱོད་མི་ཚུ་ལུ་ གནས་སྐབས་ཅིག་ ཕན་ཐོགས་ཡོད་རུང་ མ་འོངས་པའི་ནང་ གཞུང་གིས་གནང་བ་སྤྲོད་དེ་ བཟོ་སྐྲུན་འབད་མི་ སྨན་དང་ ནང་འདྲེན་འབད་མིའི་སྨན་ཚུ་གིས་ ནད་གཞི་ལས་ དྲག་ཚུགས་ནི་ལུ་ ལཱ་ཁག་གཏང་དོ་ཡོདཔ་ཨིན་པས།
འབྲུག་སྨྱོ་རྫས་ཁྲིམས་དོན་དབང་འཛིན་གྱི་ སྨན་རིགས་ཚད་འཛིན་སྤྱི་ཁྱབ་ བསོད་ནམས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ད་རེས་ནངས་པ་ མི་ཚུ་གིས་ ཧེ་མའི་ལམ་ལུགས་ལུ་ ཡིད་ཆེས་དང་ ངལ་རངས་བསྐྱེད་དེ་ སྨན་ཚུ་ ཚོང་འབྲེལ་འཐབ་མི་ཚུ་ལས་ ཉོ་ཟ་དོ་ཡོདཔ་ལས་ དབང་འཛིན་གྱིས་ ཤུལ་ལས་ བྱ་སྟབས་མ་བདེཝ་ འཐོན་མི་བཅུག་ནིའི་དོན་ལུ་ སྔོན་འགོག་གསལ་བསྒྲགས་ འབདཝ་ཨིན་ཟེར་ཨིན་པས།
ཚད་འཛིན་འབད་དགོ་པའི་དམིགས་ཡུལ་གཙོ་བོ་ར་ མི་ཚུ་གིས་ སྨན་ལག་ལེན་འཐབ་པའི་སྐབས་ རྒྱུ་ག་ཅི་གིས་ བཟོ་ཡོདཔ་ཨིན་ན་དང་ གསོ་བའི་མཁས་མཆོག་ག་གིས་ བཟོ་ཡོདཔ་ཨིན་ན་ ག་ཏེ་ལུ་ བཟོ་སྐྲུན་འབད་ནུག་ག་ དེ་ལས་ སྨན་གྱི་མིང་ག་ཅི་ཨིན་ན་ཚུ་ བརྟག་དཔྱད་འབད་དེ་ ལག་ལེན་འཐབ་དགོ་ཟེར་ སླབ་ཨིན་པས།
ད་རེས་ནངས་པ་ འབྲེལ་བ་ཡོད་པའི་ ཁྲིམས་དོན་ཡིག་ཚང་ནང་ གསང་བའི་ཐོག་ལས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ མིང་དང་ བཟོ་སྐྲུན་གྱི་ས་ཁོངས་ ངོས་འཛིན་མེད་པའི་ སྨན་རིགས་ཚུ་ མི་སེར་མང་ཤོས་ཅིག་གིས་ སྤྱོད་དོ་ཡོདཔ་ལས་ དེ་ཚུ་ ཤེས་རྟོགས་བྱུང་ཐབས་ལུ་ ཚད་འཛིན་འབདཝ་ཨིན་ཟེར་ཨིན་པས།
ད་རེས་ནངས་པ་ ཐིམ་ཕུ་རྫོང་ཁག་དང་ རྫོང་ཁག་གཞན་ དེ་ལས་ ས་མཚམས་ཁྲོམ་ཁ་ལས་ཕར་ གསང་བའི་ཐོག་ལས་ བྱ་ངན་གྱི་ལཱ་བྱ་འཐབ་མི་ ལེ་ཤ་ཐོན་དོ་ཡོདཔ་ལས་ གལ་སྲིད་ འབྲུག་མི་ཚུ་གིས་ བྱ་ངན་འབད་སར་མཐོངམ་འདྲཝ་འབད་བ་ཅིན་ གོང་ལུ་བཀོད་དོ་བཟུམ་སྦེ་ ཁྲིམས་མཐུན་བསྟར་སྤྱོད་ འབད་ནི་ཨིན་ཟེར་ཨིན་པས།
འགོ་དཔོན་གཞན་ཚུ་གིས་ འབད་བ་ཅིན་ ཧེ་མའི་ལམ་ལུགས་ལུ་ གཙོ་བོ་བཏོན་ཏེ་ སྨན་ཚོང་འབྲེལ་འཐབ་མི་དང་ སྨན་བཟོ་ནིའི་དོན་ལུ་ རྫས་སྦྱོར་ཚུ་ རྒྱ་གར་དང་ ནེ་པཱལ་ལས་ ཉོ་འབག་འོང་སྟེ་ འབྲུག་ལུ་ ཚོང་འབྲེལ་འཐབ་མི་དེ་ འབྲུག་སྨྱོ་རྫས་ཁྲིམས་ལུགས་དང་ འགལ་ནི་དེ་གིས་ ཉེས་བྱ་དང་ཉེས་ཁྲིམས་ཚུ་ ཡངས་ཆག་མེད་པར་ བཀལ་ནི་ཨིན་ཟེར་ ཨིན་པའིགནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment