གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤུ་ན་ཁ་ལུ་ རྒྱལ་སྤྱི་ཨམ་སྲུའི་ཉིནམ་བརྩི་སྲུང་འབད་ཡོདཔ།

༩/༣/༢༠༡༣   ༉ ཁ་ཙ་ སྤུ་ན་ཁ་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་ནང་ རྒྱལ་སྤྱི་ཨམ་སྲུའི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ ཨམ་སྲུའི་གནས་ཚད་དང་ འགན་དབང་ཚུ་གི་སྐོར་ལས་ སྙུན་ཞུ་ཕུལཝ་དང་འབྲེལ་ གྲོས་བསྟུན་ཚུ་འབད་ཡི།
མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ རྒྱལ་སྤྱི་ཨམ་སྲུའི་ཉིནམ་བརྩི་སྲུང་ནང་ གསུང་བཤད་གནང་པའི་བསྒང་།


ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེའི་གཙོ་འཛིན་ མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ གསུངས་མིའི་ནང་ ཉིནམ་བརྩི་སྲུང་འབད་དགོ་མི་དེ་ཡང་ ད་ཚུན་གྱི་རིང་ ཨམ་སྲུ་ཚུ་ལུ་ རང་དབང་སྤྲོད་ནིའི་དོན་ལས་ བརྩོན་ཤུགས་བསྐྱེད་མི་ཚུ་ལུ་ བཀྲིན་དགའ་ཚོར་དང་ གུས་བཏུད་ཞུ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་གིས་ གསུངས་མིའི་ནང་ ཨམ་སྲུ་ཚུ་ལུ་ འགན་དབང་སྤྲོད་ནི་དེ་ རྒྱལ་སྤྱི་དང་ གཞུང་གི་ཕྱག་འགན་རྐྱངམ་གཅིག་མེན་པར་ འབྲུག་པའི་ན་གཞོན་དང་ཨམ་སྲུ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ འབག་དགོ་ཟེར་ཨིན་པས།
དེ་མ་ཚད་ ཉིནམ་དེ་ མ་འོངས་པ་ལུ་ ཨམ་སྲུ་ཚུ་གིས་ ཁོང་རའི་ འགན་དབང་ཚུ་ལེགས་ཤོམ་སྦེ་ ཧ་གོ་སྟེ་ ལག་ལེན་འཐབ་ནི་གི་ གོ་སྐབས་ལེན་ནིའི་དོན་ལུ་ཡང་ཨིནམ་ད་ དུས་ཅི་ ཁས་བླངས་ཨིན་ཟེར་མི་ རྒྱལ་ཡོངས་ཨམ་སྲུ་ཉིནམ་གྱི་བརྗོད་དོན་དང་འཁྲིལ་ འབྲུག་གིས་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་དང་གཅིག་ཁར་ མཉམ་རུབ་ཐོག་ལས་ ཨམ་སྲུ་ཚུ་ལུ་ ཕོ་སྐྱེས་དང་འདྲ་མཉམ་གྱི་ དབང་ཚད་བྱིནམ་ཨིན་ཟེར་ཨིན་པས།
འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་སྐུ་ཚབ་ ཀེ་ལི་འེན་གིས་ སླབ་མིའི་ནང་ འབྲུག་ལུ་ རྨགཔ་ཚུ་གིས་ རང་གི་གནས་ཚང་ལུ་ སྡུག་རྩུབ་འབད་མི་དེ་ ཤེས་ཡོན་མེད་པའི་ཁར་ འཚོ་བའི་གནས་ཚད་ལེགས་ཤོམ་མེད་པའི་ མི་སྡེ་ཚུ་ནང་འདུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ འབྲུག་ལུ་ ཨམ་སྲུ་བརྒྱ་ཆ་༦༨ དེ་ཅིག་ རྨགཔ་གིས་ སྡུག་རྩུབ་འབད་མིའི་ནང་ལས་ མང་ཤོས་ར་ སྐྱེས་ལོ་༡༥ དང་༢༤ འབད་མི་ ཨམ་སྲུ་ཚུ་ཨིན་མས་ཟེར་ཨིན་པས།
ཨམ་སྲུའི་གནས་ཚད་ཤེས་ནིའི་དོན་ལུ་ སྤུ་ན་ཁ་དང་ ཨྱོན་རིག་པའི་འབྱུང་གནས་ཀྱི་ འབྲིང་རིམ་སློབ་གྲྭ་བར་མ་དང་ དབང་འདུས་བ་འཇོ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཚུ་གི་བར་ན་ གྲོས་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
ཉིནམ་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་དང་ ཤེས་རིག་ལྷན་ཁག་ སྤུ་ན་ཁ་རྫོང་ཁག་བདག་སྐྱོང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལུའི་ལྷན་ཚོགས་ དེ་ལས་ ཨྱོན་རིག་པའི་འབྱུང་གནས་སློབ་གྲྭ་གིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment