གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཁལ་རྡོག་བཙོང་མི་ཐོན་རུང་ རིན་སྤྲོད་ནི་ལུ་ དཀའ་ངལ་ཐོན་ཏེ་ཡོདཔ།

༧/༣/༢༠༡༣   ༉ ཕུན་ཚོགས་གླིང་གི་ མེ་རླུང་རྒྱ་རྫི་ཡིག་ཚང་ཅིག་ནང་ གནས་སྐབས་ཅིག་གི་དོན་ལུ་ ལཱ་འབད་དོ་ཡོད་མི་ སྐྱེས་ལོ་༡༩ ལང་མི་ ཡེ་ཤེས་དབང་ཕྱུག་གིས་ དྲོ་པ་ ཁོ་རའི་ཡིག་ཚང་ནང་ འགྱོ་བའི་སྐབས་ ཡིག་སྣོདདཀརཔོ་དེ་ མ་བརྗེད་པར་ འབག་འགྱོ་དོ་ཡོདཔ་ཨིན་པས།


ཡིག་སྣོད་དེ་ནང་ མཁལ་རྡོག་མེདཔ་ཐལ་མི་ ཁོ་རའི་ཨའི་དེ་ རྒྱ་གར་གྱི་ས་གནས་ ཀཱོལ་ཀ་ཊ་སྨན་ཁང་ནང་ སྨན་བཅོས་འབད་ནིའི་དོན་ལུ་ སྨན་ཁང་དང་ བློན་ཆེན་གྱི་ཡིག་ཚང་ནང་ལས་ ཞལ་འདེབས་ལྷང་ཆོག་པའི་ ཡིག་ཆ་ཚུ་ བཙུགས་ཏེ་ཡོདཔ་ཨིན་པས།
སློབ་རིམ་༡༢ པ་ མཇུག་བསྡུ་མི་ ཡེ་ཤེས་དབང་ཕྱུག་གིས་ ཁོ་རའི་ཨའི་ལུ་ མཁལ་རྡོག་ཉོ་ནི་དང་ གཞན་མི་སྨན་བཅོས་ཞབས་ཏོག་ཚུ་གི་དོན་ལུ་ དངུལ་ཀྲམ་འབུམ་༢ དེ་ཅིག་དགོཔ་ལས་ ཁོ་གིས་ མི་ཚུ་ལས་ ཞལ་འདེབས་ལྷང་དོ་ཡོདཔ་ད་ ཁོ་རའི་ ཨ་པ་ཡང་ མེ་རླུང་རྒྱ་རྫི་ཡིག་ཚང་དེ་ནང་ སྲུང་རྒྱབ་སྦེ་ ལཱ་འབད་དོ་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཁོ་རའི་ཨའི་དང་ ཕོ་རྒནམ་ དེ་ལས་ མཁལ་རྡོག་བྱིན་ནི་ཨིན་མི་ཚུ་ ད་རེས་ནངས་པ་ ཀཱོལ་ཀ་ཊ་ལུ་ སྨན་བཅོས་འབད་བཞིན་དུ་ཡོདཔ་ད་ ཁོང་ཆ་ཁྱབ་སྡོད་སའི་ ཁྱིམ་གྱི་དོན་ལུ་ ཟླ་རིམ་བཞིན་དུ་ ཁང་གླ་རུ་པི་༧,༠༠༠ རེ་ སྤྲོད་དགོཔ་མ་ཚད་ གློག་མེ་དང་ བཞེས་སྒོའི་དོན་ལུ་ཡང་ ཟད་འགྲོ་ཚུ་གཏང་དགོཔ་ལས་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཁོ་གི་བཟའ་ཚང་ནང་ འོང་འབབ་བཟོ་མི་ ཁོ་རའི་ ཨ་པ་རྐྱངམ་གཅིག་ འབད་ནི་དེ་གིས་ མཁལ་རྡོག་བཙོང་མི་དེ་ འབྲུག་ལུ་ ལོག་ལྷོད་པའི་བསྒང་ལས་ ཁོ་ལུ་ ཏི་རུ་ག་དེ་སྦེ་ སྤྲོད་ཚུགས་ག་མནོ་བའི་ ཚ་གྱང་ཡོད་ཟེར་ཨིནམ་ད་ མཁལ་རྡོག་བྱིན་མི་དེ་ ཁོ་རའི་གཡུས་ཁར་ དཀའ་ངལ་སྦོམ་སྦེ་ར་ ཐོན་ཏེ་འདུག་ཟེར་ ཡེ་ཤེས་དབང་ཕྱུག་གིས་ སླབ་ཨིན་པས།
ཡེ་ཤེས་དབང་ཕྱུག་གི་ ཨ་པ་གིས་ སྨན་བཅོས་ཀྱི་དོན་ལུ་ དངུལ་ཀྲམ་འབུམ་༡ བསྐྱིན་འགྲུལ་ལེན་ཡོདཔ་ད་ ད་རེས་ ཁོ་རའི་ ཨ་པ་གི་ ཟླ་རིམ་དངུལ་ཕོགས་ཡང་ དངུལ་ཀྲམ་༡,༠༠༠ མ་གཏོགས་ འཐོབ་ནི་མེད་ཟེར་ཨིན་པས།
དེ་གིས་ ཕུན་ཚོགས་གླིང་ལུ་ ཁོང་རའི་དོན་ལུ་ ཟད་འགྲོ་གཏང་ནི་ཡང་ མི་ལང་པས་ཟེར་ཨིན་པས།
ད་རུང་ ཁོ་གི་ཨ་པ་གིས་ བསྐྱིན་འགྲུལ་དངུལ་ཀྲམ་འབུམ་༡ ལེན་ནིའི་དོན་ལུ་ རྩ་འགེངས་དོ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ མཁལ་རྡོག་བཙོང་མི་དེ་ལུ་ སྤྲོད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
བསམ་རྩེ་ སིབ་སུ་ལས་ཨིན་མི་ ཡེ་ཤེས་དབང་ཕྱུག་གིས་ ཕྱི་རུ་ཨ་རྟག་ར་ མི་ཚུ་འབད་སར་སོང་སྟེ་ ཞལ་འདེབས་ལྷང་ཐོག་ལས་ ཁོ་རའི་ ཨ་པ་གི་ལག་པར་ སྤྲོད་དོ་ཡོདཔ་ད་ ཨ་པ་གིས་སྦེ་ ཏི་རུ་ཚུ་ ཀཱོལ་ཀ་ཊ་ལུ་ སྐྱེལ་དོ་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ མ་གཞི་ ཁོ་གི་ཨའི་གི་ སྨན་བཅོས་ཟད་འགྲོ་ཚུ་ གསོ་བའི་ལྷན་ཁག་གིས་ གནང་དོ་ཡོདཔ་ཨིན་རུང་ མཁལ་རྡོག་བཙོང་མི་དང་ ཕོ་རྒནམ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་༧༠,༠༠༠ ལྷགཔ་ཅིག་ བཏང་དགོཔ་ ཐོན་སོ་ཡི་ཟེར་ཨིན་པས།
ཁོ་གིས་ ད་ལྟོ་ཚུན་ དངུལ་ཀྲམ་༣༥,༠༠༠ དེ་ཅིག་ ཞལ་འདེབས་བསྡུ་ཡོདཔ་ད་ ཁོ་རའི་ ཡིག་ཚང་ནང་ རྒྱ་རྫི་སོར་བར་ འོང་མི་ཚུ་ལས་ཡང་ ཞལ་འདེབས་ལྷང་དོ་ཟེར་ཨིན་པས།
གནས་སྐབས་ཀྱི་ལཱ་ མཇུག་བསྡུ་བའི་བསྒང་ལས་ འཐོབ་ནི་ཨིན་མི་ དངུལ་ཕོགས་དེ་ ཁོ་རའི་སྲིངམོ་གི་ ཤེས་ཡོན་གྱི་དོན་ལུ་ ཟད་འགྲོ་གཏང་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ཁོ་རའི་དོན་ལུ་ ལཱ་གཡོག་ཅིག་ཡང་ འཚོལ་ནི་ལུ་ རྩ་འགེངས་དོ་ཟེར་ཨིན་པས།
ཡེ་ཤེས་དབང་ཕྱུག་ལུ་ ཞལ་འདེབས་བྱིན་ནིའི་ དང་འདོད་ཡོད་པ་ཅིན་ འགྲུལ་འཕྲིན་ཨང་གྲངས་༡༧༥༧༠༡༤༣ གྱི་ཐོག་ལས་ འབྲེལ་བ་འཐབ་གནང་དགོ་པའི་ གསལ་ཞུ་འབདཝ་ཨིན་པའི་གནས་ཚུལ

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment