གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕང་གླིང་མི་ཐང་ནང་ བའེ་ཅུང་བུ་ཊེ་ཡ་ བལྟ་ནིའི་དོན་ལུ་ མི་ལེ་ཤ་སྤུངས་འཛོམས་འབད་ཡོདཔ།

༧/༣/༢༠༡༣   ༉ ཁ་ཙ་ རྒྱ་གར་གྱི་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་པ་བགྲེསཔ་ བའེ་ཅུང་བུ་ཊེ་ཡ་གི་ ཕུཊ་བཱོལ་རྩེད་འགྲན་བལྟ་ནིའི་དོན་ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་གི་ ལྟདམོ་ལྟ་སའི་ས་ཁོངས་ནང་ མི་ལྟེམ་ལྟེ་སྦེ་གང་ཡོདཔ་ཨིན།


དེ་ཡང་ བའེ་ཅུང་བུ་ཊེ་ཡའི་སྡེ་ཚན་ སི་ཀིམ་ཡུ་ནའེ་ཊེཌ་དང་ འབྲུག་རྒྱལ་ཡོངས་ལིག་གི་ ཨང་དང་པ་ཐོན་མི་ ཡིད་འཛིན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་སར་ ན་གཞོན་སློབ་ཕྲུག་བུཚ་དང་བུམོ་ གཞུང་གི་འགོ་དཔོན་ ལས་འཛིན་ ལས་སྡེ་ སྒེར་སྡེ་ དེ་ལས་ གཞུང་མིན་ཚོགས་སྡེའི་ ལཱ་འབད་མི་ཚུ་གིས་མ་ཚད་པར་ སྤྱིར་བཏང་ མི་རྒན་རྒན་ཚུ་ཡང་ བའེ་ཅུང་བུ་ཊེ་ཡ་གི་ རྩེད་འགྲན་བལྟ་ནི་ལུ་ སྤྲོ་བ་ཐེབས་བསྐྱེད་དེ་ ཕྱི་རུའི་ཆུ་ཚོད་༧ ཚུན་ ལྟདམོ་ལྟ་སྡོད་ཅི།
ལྟདམོ་ལྟ་མི་ཚུ་གིས་ རྩེད་འགྲན་འགོ་བཙུགས་པའི་སྐབས་ བའེ་ཆུང་བུ་ཊེ་ཡ་ཕུཊ་བཱོལ་རྩེད་ཐང་ནང་ འཛུལ་ས་མཐོངམ་ཅིག་ ཁོ་གི་མིང་བཏོན་ཐོག་ལས་ རྩེད་འགྲན་འབད་དགོཔ་སྦེ་ སྐད་རྐྱབ་སྟེ་ འུར་བྱེལ་འཐབ་སར་ མཐོང་ཡོདཔ་ཨིན་པས།
སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༥ ཚུན་ གཅིག་གིས་གཅིག་ལུ་ གཱོལ་བཙུགས་མ་ཚུགས་རུང་ ཡིད་འཛིན་སྡེ་ཚན་གྱི་ཁ་ཐུག་ལུ་ སི་ཀིམ་ཡུ་ནའེ་ཊེཌ་སྡེ་ཚན་གྱིས་ འཕྲལ་འཕྲལ་ར་ གཱོལ་བཙུགས་ནི་བཟུམ་འབད་ཡོད་རུང་ གཱོལ་བཟུང་མི་གིས་ བཏང་མ་བཏུབ་ལས་ དོ་འགྲན་བྱུང་ཡི།
བའེ་ཅུང་བུ་ཊེ་ཡ་གིས་ རྩེད་འགྲན་འགོ་བཙུགས་ཏེ་ སྐར་མ་༤༠ ལུ་ རྩེད་ཐང་ནང་ཐོན་པའི་ཤུལ་ལུ་ བར་མཚམས་ངལ་གསོའི་དུས་ཡུན་ཚང་ཡོདཔ་ད་ ད་རུང་ སྐར་མ་༨༥ ལུ་ ཁོ་གིས་ རྩེད་འགྲན་འབད་བར་ཚར་ཅིག་ ཐོན་ཡོདཔ་ལས་ ལྟདམོ་ལྟ་མི་ཚུ་ལུ་ སྤྲོ་བ་སྦོམ་ར་བྱུང་སྟེ་ སྐད་རྐྱབ་སྡོད་སར་མཐོངམ་ཨིན་པས།
སི་ཀིམ་སྡེ་ཚན་གྱིས་ སྐར་མ་༨༤ ལུ་ གཱོལ་ཅིག་བཙུགས་པའི་ཁར་ སྐར་མ་༩༠ ལུ་ ད་རུང་ གཱོལ་ཅིག་བཙུགས་དཔ་ལས་ བསྡོམས་ཀྱིས་ གཱོལ་༤ དང་ ༢ འབད་ རྩེད་འགྲན་མཇུག་བསྡུ་ཡི།
སི་ཀིམ་ཡུ་ནའེ་ཊེ་གི་ རྩེད་འགྲན་དོ་དམ་པ་ ཨན་ཝར་གྱིས་འབད་བ་ཅིན་ འདས་པའི་རྩེད་འགྲན་ནང་ སྡེ་ཚན་གྱིས་ རྩེད་འགྲན་ལེགས་ཤོམ་འབད་མ་ཚུགས་རུང་ ཁ་ཙ་ ལེགས་ཤོམ་རྩེད་ཚུགས་མི་ལུ་བརྟེན་ སེམས་དགའ་ཡི་སླབ་ཨིན་པས།
བའེ་ཅུང་བུ་ཊེ་ཡ་གིས་ སླབ་མི་དང་འཁྲིལཝ་ད་ ཧེ་མ་དང་ཕྱདཔ་ད་ འབྲུག་པའི་རྩེད་འགྲན་འབད་མི་ཚུ་ ལེ་ཤ་གིས་ གོང་འཕེལ་སོང་ནུག་ཟེར་ཨིནམ་ད་ ད་ལས་ཕར་ཡང་ གོང་འཕེལ་གཏང་ནིའི་དོན་ལུ་ འབྲེལ་བ་ཡོད་པའི་ལས་སྡེ་དང་ ལས་འཛིན་ སྒེར་སྡེ་ དེ་ལས་ གཞུང་གིས་ རྒྱབ་སྐྱོར་འབད་དགོཔ་གལ་ཆེ་བའི་ཁར་ མཐུན་རྐྱེན་ཚུ་ཡང་ ཆ་ཚང་སྤྲོད་དགོཔ་གལ་ཆེ་ཟེར་ཨིན་པས།
ཕུཊ་བཱོལ་ལས་རིམ་ འགོ་འདྲེན་འཐབ་མི་ འོད་ཟེར་ལས་སྡེ་གིས་ སང་ཕོད་ཡང་ རྩེད་འགྲན་དེ་ འགོ་འདྲེན་འཐབ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment