གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་ བཀོད་ཁྱབ་མདོ་ཆེན་གསརཔ།

༡༥/༣/༢༠༡༣   ༉ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་དོན་ལུ་ བཀོད་ཁྱབ་མདོ་ཆེན་གསརཔ་ བསྐོ་བཞག་འབད་མི་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ འབྲུག་བརྡ་བརྒྱུད་བཀོད་ཚོགས་ཀྱིས་ བཙག་འཐུའི་དྲི་བ་དྲིས་ལན་འབདཝ་ད་ བརྡ་དོན་དང་ བརྒྱུད་འབྲེལ་ལྷན་ཁག་ བརྡ་དོན་དང་ བརྡ་བརྒྱུད་ལས་ཁུངས་ཀྱི་ བརྡ་བརྒྱུད་འགོ་དཔོན་གོངམ་ ཟླ་བ་དཔལ་འབྱོར་དེ་ མགྲིན་གཅིག་གི་ཐོག་ལས་ གདམ་འཐུ་འབད་ཡོདཔ་ཨིན་པས།


གོ་གནས་དེ་གི་དོན་ལུ་ ལས་དོན་ཁག་སོ་སོའི་ནང་ ལོ་༡༠ ལྷགཔ་ཅིག་གི་ ཉམས་མྱོང་ཡོད་མི་༦ གིས་ ཞུ་ཡིག་བཙུགས་ཡོད་མི་ལས་༡ གིས་ ཞུ་ཡིག་ལོག་བཏོན་ཡི་ཟེར་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ཞི་གཡོག་ནང་ ལོ་༡༠ ལྷགཔ་ཅིག་གི་རིང་ ཕྱག་ཞུ་མི་ ཟླ་བ་དཔལ་འབྱོར་གྱིས་ ཡུ་ཨེསི་ཨེ་ ཊེག་སེསི་གཙུག་ལག་སློབ་སྡེ་ལས་ མི་མང་བདག་སྐྱོང་གི་ མཐོ་རིམ་གོང་མའི་ཤེས་ཚད་མཐར་འཁྱོལ་ཡོདཔ་ཨིན་པས།
བཀོད་ཁྱབ་མདོ་ཆེན་གསརཔ་གིས་ སྤྱི་ཟླ་༤ པའི་ཚེས་༡ ལུ་ ཡིག་ཚང་ནང་ འཛུལ་ཞུགས་འབད་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment