གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཏན་འབྲུ་རྒེད་འོག་ལས་ སངས་རྒྱས་མཁའ་འགྲོ་ གདམ་འཐུ་གྲུབ་ཡོདཔ།

༡༥/༣/༢༠༡༣   ༉ ཁ་ཙ་ བསམ་རྩེ་གཏན་འབྲུ་རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་ རྒེད་འོག་འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ རྒེད་འོག་དེ་ལས་ དགོ་དང་མི་དགོ་གི་ གསང་བའི་ཚོགས་རྒྱན་བཙུགས་པའི་སྐབས་ འདེམས་ངོ་སངས་རྒྱས་མཁའ་འགྲོ་གིས་ ཚོགས་རྒྱན་བཙུགས་མི་བསྡོམས་༣༨༦ ལས་ དགོ་ཟེར་མི་ ཚོགས་རྒྱན་༣༤༢ ཐོབ་སྟེ་ གདམ་འཐུ་གྲུབ་ནུག།
བཙག་འཐུ་འགོ་དཔོན་ཚུ་གིས་ འཛོམས་འདུའི་ནང་འོང་མི་ མི་སེར་ཚུ་ལུ་ ཚོགས་རྒྱན་འཕྲུལ་ཆས་ལག་ལེན་འཐབ་ཐངས་ཀྱི་སྐོར་ གསལ་བཤད་འབད་བའི་བསྒང་།


དེ་ཡང་ རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ རྒེད་འོག་ལས་ གདམ་ངོ་བཙག་འཐུ་འབད་ནིའི་དོན་ལུ་ རྒེད་འོག་འཛོམས་འདུ་ འགོ་འདྲེན་འཐབ་ཡོདཔ་ད་ སྐྱེས་ལོ་༣༧ ལང་མི་ སྤྱི་མི་བགྲེསཔ་སངས་རྒྱས་མཁའ་འགྲོ་ལུ་ མི་དགོ་ཟེར་མི་ ཚོགས་རྒྱན་བཙུགས་མི་༤༠ མ་གཏོགས་མ་ཐོནམ་ལས་ ཁོ་གིས་ གཏན་འབྲུ་འདེམས་ཁོངས་ནང་ལས་ རྫོང་ཁག་གནས་རིམ་ནང་ འདེམས་ངོ་གཞན་ཚུ་དང་ དོ་འགྲན་འབད་ནི་ཨིན་པས།
སིབ་སུ་དྲུང་ཁག་ གཏན་འབྲུ་རྒེད་འོག་དེ་ བསམ་རྩེ་ལས་ ཀི་ལོ་མི་ཊར་༥༩ དེ་ཅིག་གི་ས་ཁར་ཡོདཔ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ སློབ་གཉེར་རྒྱབ་སྐྱོར་འབད་ཐོག་ལས་ སངས་རྒྱས་མཁའ་འགྲོ་གིས་ ཐའི་ལེནཌ་རང་ཙི་གཙུག་ལག་སློབ་སྡེ་ལས་ སྲིད་དོན་ཚན་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་ད་ སྤྱི་ལོ་༢༠༠༨ ལུ་ སྲིད་ཚོགས་དེ་གི་དོན་ལུ་ འོས་འབབ་ཅན་གྱི་ འདེམས་ངོ་ཅིག་ཨིན་རུང་ ཁོ་ལུ་ མཐོ་རིམ་ཤེས་ཚད་མེདཔ་ལས་ འབྲེལ་གཏོགས་འབད་མ་ཚུགས་པས།
ཁོ་ལུ་ མི་སེར་ཚུ་གིས་ རྒྱབ་སྐྱོར་འབད་ནི་གི་ བློ་གཏད་ཡོདཔ་བཞིན་དུ་ རྒེད་འོག་དེ་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་མི་ལུ་ སེམས་དགའ་ཡི་ཟེར་ སངས་རྒྱས་མཁའ་འགྲོ་གིས་ བཤད་པའི་ཁར་ ཁོ་གིས་ གཡུས་སྒོ་གཞན་ཚུ་ནང་ཡང་ གོམས་འདྲིས་ལྟ་སྐོར་འབད་དགོཔ་ཡོད་ཟེར་ སླབ་ཨིན་པས།
འཛོམས་འདུའི་ནང་ གཏན་འབྲུ་རྒེད་འོག་གི་ སྤྱི་འོག་༥ ལས་ མི་སེར་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
བསམ་རྩེ་རྫོང་ཁག་ནང་ འཛོམས་འདུ་ལས་རིམ་དེ་ སྤྱི་ཟླ་༣ པའི་ཚེས་༡༣ ལས་ འགོ་བཙུགས་ཡོདཔ་ད་ རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་ སླབ་མིའི་ནང་ འདེམས་ངོ་ཡོད་སའི་ རྒེད་འོག་ཚུ་ནང་ གདམ་འཐུ་འབད་ནིའི་དོན་ལུ་ འཛོམས་འདུ་ཚུ་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
རྒེད་འོག་༡༥ ཡོད་མི་ བསམ་རྩེ་རྫོང་ཁག་ནང་ རྒྱལ་ཡོངས་བཙག་འཐུའི་དོན་ལུ་ འདེམས་ངོ་༧ ཐོན་ཡོད་མི་དེ་ རྒྱལ་ཁབ་ནང་ གྱངས་ཁ་མཐོ་ཤོས་ཅིག་ཨིན་ཟེར་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment