གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་ལས་ཕར་ དངུལ་ཁང་གི་ འགན་ལེན་བཏོན་དགོཔ།

༡༥/༣/༢༠༡༣   ༉ རྒྱང་བསྒྲགས་དངོས་མཐོང་ལས་རིམ་ འགོ་འདྲེན་འཐབ་དགོ་པ་ཅིན་ འགོ་འདྲེན་པ་ཚུ་གིས་ གནང་བ་མ་ཞུའི་ཧེ་མར་ གསོལ་རས་ཀྱི་གནས་གོང་དང་ འདྲ་མཉམ་ཡོད་པའི་ དངུལ་ཁང་གི་ འགན་ལེན་བཏོན་དགོཔ་ཨིན་པས།


ལས་རིམ་འགོ་འདྲེན་པ་ཚུ་གིས་ ལས་རིམ་འགོ་འདྲེན་མ་འཐབ་པའི་ཧེ་མར་ ཆོག་ཐམ་གྱི་དོན་ལུ་ རྒྱང་བསྒྲགས་དངོས་མཐོང་ལས་རིམ་གྱི་ གྲོས་འཆར་དང་གཅིག་ཁར་ དངུལ་ཁང་འགན་ལེན་དེ་ འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་ལུ་ སྤྲོད་དགོཔ་ཨིན་པས།
འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལས་རིམ་འགོ་འདྲེན་པ་ཚུ་གིས་ དངུལ་ཁང་འགན་ལེན་སྤྲོད་དགོཔ་སྦེ་ བཟོ་དགོ་མི་དེ་ཡང་ ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ གསོལ་རས་ཀྱི་ ཐོབ་ལམ་ཚུ་ སླབ་པའི་ཤུལ་ལས་ མ་ཐོབ་པའི་དཀའ་ངལ་ མི་ཐོན་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་གྱི་ ལས་རིམ་འགོ་འདྲེན་པ་ ལེ་ཤ་ཅིག་གིས་ རྒྱལ་ཁ་ཐོབ་མི་ཚུ་ལུ་ དུས་ཚོད་ཁར་ གསོལ་རས་མ་སྤྲོད་མི་དང་ མ་པ་ལས་ར་ མ་སྤྲོད་པར་ བཞག་མི་ལུ་བརྟེན་ འབྲུག་བརྡ་བརྒྱུད་དང་བརྡ་དོན་དབང་འཛིན་གྱིས་ ལམ་ལུགས་དེ་ བཟོ་ཡི་ཟེར་ཨིན་པས།
རྒྱང་བསྒྲགས་དངོས་མཐོང་ལས་རིམ་ འགོ་འདྲེན་འཐབ་མི་ དངོས་གྲུབ་རྡོ་རྗེ་གིས་ ན་ཧིང་ ལས་རིམ་ནང་ལས་ རྒྱལ་ཁ་ཐོབ་མི་ མི་ངོམ་༩ ལུ་ གསོལ་རས་ཚུ་ མ་བྱིན་པའི་ཁར་ ཌེནསི་ ཁོ་རེ་ ཌེནསི་གི་ ལས་རིམ་འགོ་འདྲེན་པའི་ ཆོག་ཐམ་སྤྲོད་ནི་དེ་ཡང་ གནས་སྐབས་གཅིག་གི་དོན་ལུ་ མཚམས་འཇོག་འབད་ཡོདཔ་ཨིན་པས།
དེ་ལས་ དངོས་གྲུབ་རྡོ་རྗེ་གིས་ སྤྱི་ལོ་༢༠༡༡ ལུ་ བུ་ཊཱན་ཨིསི་ཊར་ འགོ་འདྲེན་འཐབ་སྟེ་ རྒྱལ་ཁ་ཐོབ་མི་ཚུ་གི་ གསོལ་རས་ཡང་ སྤྲོད་ནི་འབད་བའི་བསྒང་ཨིནམ་མ་ཚད་ ན་ཆུང་སྐད་གྲགས་ཅན་གྱི་ གསོལ་རས་ཚུ་ཡང་ བྱིན་ནི་སྦེ་ཡོད་ཟེར་ཨིན་པས།
འབྲུག་བརྡ་དོན་དང་བརྡ་བརྒྱུད་དབང་འཛིན་གྱི་ མདོ་ཆེན་བསོད་ནམས་ཕུན་ཚོགས་ཀྱིས་འབད་བ་ཅིན་ ཁོང་གིས་ དངུལ་ཁང་ཚུ་དང་ ཁ་སླབ་ཞིནམ་ལས་ དངུལ་ཁང་འགན་ལེན་བཟོ་མི་ དངུལ་དེ་ སྤྲོད་ཆོགཔ་ཨིན་ཟེར་ བརྡ་ལེན་མ་འབད་ཚུན་ མ་ཆོགཔ་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ དངོས་མཐོང་གི་ལས་རིམ་ འགོ་དང་པ་ སྤྱི་ལོ་༢༠༠༨ ལུ་ དངོས་གྲུབ་རྡོ་རྗེ་གིས་ འགོ་བཙུགས་པའི་ཤུལ་ལུ་ འགོ་འདྲེན་འཐབ་མི་ མང་རབས་ཅིག་ ཐོན་ཡོདཔ་ཨིན་པས།
ཞི་གཡོགཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁ་ཐོབ་མི་ཚུ་ལུ་ གསོལ་རས་མ་བྱིན་མི་དེ་ འགོ་འདྲེན་འཐབ་མི་ ཕུད་རྡོག་༡ མེན་པར་ ལེ་ཤ་ཅིག་གིས་འབད་བའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
དེ་གིས་ རྒྱལ་ཁ་ཐོབ་མི་ རྐྱངམ་གཅིག་ལུ་ མགུ་སྐོར་རྐྱབ་མེན་པར་ འབྲུག་མི་ཡོངས་ལུ་ མགུ་སྐོར་བཟུམ་ཅིག་ཨིན་མས་ཟེར་ཨིན་པས།
མ་གཞི་ རྒྱང་བསྒྲགས་དངོས་མཐོང་ལས་རིམ་ འགོ་འདྲེན་འཐབ་མི་དེ་ ལེགས་ཤོམ་ཅིག་ཨིན་མས་ཟེར་ མདོ་ཆེན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment