གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨྱོ་རྫས་འབག་མི་ ཕོ་སྐྱེས་ཅིག་འཛིན་བཟུང་།

༡༥/༣/༢༠༡༣  ༉ ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༣ པའི་ཚེས་༡༢ ཀྱི་ཉིན་མར་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་ ཚུལ་མིན་འོག་ལས་ ཚོང་འབྲེལ་འཐབ་པའི་ འབྲེལ་གནད་ལུ་བརྟེན་ སྐྱེས་ལོ་༣༢ ལང་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ནུག།
དོགས་པ་ཅན་དེ་ དུས་རྒྱུན་གྱི་ ཞིབ་དཔྱད་རྐྱབ་ད་ ཅའི་ན་ལ་ཡིན་ཟེར་མི་ རྐང་ལམ་གྱི་ ས་མཚམས་འགེགས་སྲུང་གི་ སྦོ་ལོགས་ཁ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།



ཁོ་གིས་ ཨེསི་པི་སྨན་ལེབ་ཤོག་ཐུམ་༧༢ དང་ རེ་ལི་པེན་སྨན་ཐུམ་༥༠ ཀེ་ཧང་ཤོག་སྒམ་ཕྱེད་དང་བཞི་འབག་ཡོདཔ་ཨིན་པས།
དོགས་པ་ཅན་གྱིས་ ཁྲིམས་སྲུང་འགག་པ་ལུ་ཕུལ་མི་ ངག་བརྗོད་ནང་ སྨྱོ་རྫས་ཚུ་ ཁོ་གི་ ཆ་རོགས་ཨིན་མི་ ཕྱི་མི་ཅིག་གིས་ ཐིམ་ཕུ་ལུ་ཡོད་མི་ ཚོང་འབྲེལ་པ་གཞན་ཅིག་ལུ་ སྤྲོད་དགོཔ་སྦེ་ ཁོ་གི་ལག་པར་ བསྐྱལ་བཏང་དེས་ཟེར་ གསལ་བཀོད་འབད་ནུག།
དེ་མ་ཚད་ དོགས་པ་ཅན་གྱིས་ བདུན་ཕྲག་གསུམ་གྱི་ཧེ་མར་ཡང་ ཚོང་འབྲེལ་པ་དེ་ལུ་ སྨན་ཐུམ་༡༠༠༠ དེ་ཅིག་ བསྐྱལ་ཡི་ཟེར་དོགས་ཅན་གྱིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཁོ་ལུ་ བར་འབྲེལ་ཁེ་འཐུས་སྤྲོད་ནུག་ཟེར་ཨིན་པས།
ཟླཝ་འདི་ནང་ ཁྲིམས་འགལ་ཐོག་ སྨྱོ་རྫས་འབག་འོང་མི་ འཛིན་བཟུང་འབད་མི་དེ་ ཐེངས་༢ པ་ཨིན་པའི་གནས་ཚུལ།

No comments:

Post a Comment