གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒེད་འོག་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་བཞིན་དུ་ར་ཡོདཔ།

༡༨/༣/༢༠༡༣   ༉ རྩི་རང་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ ཁ་ཙ་ མཚོ་གླིང་མཁར་རྒེད་འོག་གི་ འཛོམས་དུ་རྐྱབ་ད་ ཚོགས་རྒྱན་བཙུགས་མི་༢༤༦ འཛོམས་ཡོད་མི་ལས་༢༡༠ གྱིས་ དགོ་ཟེར་མིའི་ ཚོགས་རྒྱན་བཙུགས་ཐོག་ལས་ སྐྱེས་ལོ་༣༡ ལང་མི་ འདེམས་ངོ་པ་སངས་ཐིང་ཏ་མང་དེ་ གདམ་འཐུ་འབད་ཡི།
མན་ཌལ་སྒང་རྒེད་འོག་ནང་ འདེམས་ངོ་༢ ཐོན་ཡོད་མི་ལས་ གཅིག་ གདམ་འཐུ་འབད་ནི་གི་དོན་ལུ་
ཚོགས་རྒྱན་བཙུགས་པའི་བསྒང་།


གདམ་ངོ་དེ་ལུ་ མི་དགོ་གི་ ཚོགས་རྒྱན་བཙུགས་མི་༣༦ རྐྱངམ་གཅིག་ ཐོན་ཡོདཔ་ད་ རྫོང་ཁག་འདི་ནང་ རྒེད་འོག་འཛོམས་འདུ་ཚུ་ སྤྱི་ཟླ་༣ པའི་ཚེས་༡༣ ལས་ འགོ་བཙུགས་ཡོདཔ་ཨིན།
སྤྱི་ཟླ་༣ པའི་ཚེས་༡༦ ལུ་ དཀྱིལ་འཁོར་ཐང་རྒེད་འོག་ནང་ལས་ འདེམས་ངོ་༡ ཐོན་ཡོད་མི་ལུ་ ཚོགས་རྒྱན་བཙུགས་མི་བསྡོམས་༢༩༩ ལས་༢༣༨ ཀྱིས་ དགོ་གི་ཚོགས་རྒྱན་བཙུགས་ཏེ་ སྐྱེས་ལོ་༥༡ ལང་མི་ ཤཱམ་བཱསི་ནེཊི་དེ་ གདམ་ཁ་གྲུབ་ཅི།
དེ་གི་ཧེ་མར་ཚེས་༡༥ ལུ་ མན་ཌལ་སྒང་རྒེད་འོག་ནང་ འདེམས་ངོ་༢ ཐོན་ཡོད་མི་ལས་ གཅིག་ གདམ་འཐུ་འབད་ནི་གི་ འཛོམས་འདུ་རྐྱབ་ད་ ཚོགས་རྒྱན་བཙུགས་མི་༣༢༧ འཛོམས་ཡོད་མི་ལས་ ཀ་མཱལ་གུ་རུང་གིས་ ཚོགས་རྒྱན་༢༧༤ ཐོབ་སྟེ་ རྒེད་འོག་དེ་གི་ འདེམས་ངོ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ ཁོ་གི་ དོ་འགྲན་པ་ འདེམས་ངོ་ཡུ་ཨེན་བཱ་ཊ་རའི་གིས་ ཚོགས་རྒྱན་༥༣ མ་གཏོགས་ཐོབ་ཚུགས་པས།
ད་རིས་ རྒེད་འོག་འཛོམས་འདུ་ཚུ་ སྒོ་སེར་གླིང་རྒེད་འོག་དང་ རྩི་རང་སྟོད་རྒེད་འོག་༢ ནང་ འགོ་འདྲེན་འཐབ་ནི་ཨིནམ་ད་ སྒོ་སེར་གླིང་རྒེད་འོག་ནང་ དང་འདོད་བསྐྱེད་མི་ འདེམས་ངོ་༣ ཐོན་ཡོདཔ་ཨིན་རུང་༡ གིས་ འཕྲལ་ཁམས་ཅིག་ཁར་ ཕྱིར་བཏོན་འབད་ཡོདཔ་ལས་ འདེམས་ངོ་༢ ཀྱི་བར་ན་ དོ་འགྲན་འབད་ནི་ཨིན་པས།
རྩི་རང་སྟོད་རྒེད་འོག་ནང་ འདེམས་ངོ་༡ ལས་བརྒལ་མེདཔ་ལས་ དགོ་དང་མི་དགོ་གི་ ཚོགས་རྒྱན་བཙུགས་ནི་ཨིན་པས།
དེ་ལས་ ཕུན་བརྟན་ཆུ་རྒེད་འོག་གི་དོན་ལུ་ ད་ལྟོ་ གནས་ཡུན་མ་ཚང་པར་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ཇཱསི་ཊིན་གུ་རུང་གིས་ བཙག་འཐུའི་ནང་ ལོག་བཅའ་མར་གཏོགས་ནིའི་ དང་འདོད་ཡོད་པའི་སྐོར་ལས་ རྫོང་ཁག་བཙག་འཐུ་ཡིག་ཚང་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ནངས་པ་ལས་ འགོ་བཙུགས་ནི་ཨིན་མི་ རྩི་རང་རྫོང་ཁག་གི་ ལོ་བསྟར་ཚེས་བཅུ་དེ་ གྲོལ་ཞིནམ་ལས་ སྤྱི་ཟླ་༣ པའི་ཚེས་༢༤ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ སྐལ་བཟང་མཚོ་མོ་གིས་ སླབ་མིའི་ནང་ འཛོམས་འདུའི་བྱ་རིམ་ཚུ་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་ནི་ཨིན་རུང་ ཚེས་བཅུ་དང་ ཁ་ཐུག་རྐྱབ་མི་ལུ་བརྟེན་ མི་མང་གིས་ བཅའ་མར་གཏོགས་མི་ཚུགས་ཨིན་མི་ལུ་བརྟེན་ ཕར་ཕུད་རྐྱབ་ཅི་ཟེར་ཨིན་པས།
རྫོང་ཁག་ནང་ ད་ཚུན་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མིའི་བཙག་འཐུའི་དོན་ལུ་ བཅའ་མར་གཏོགས་ནིའི་ དང་འདོད་བསྐྱེད་མི་ འདེམས་ངོ་༩ ཐོན་མི་ཆ་མཉམ་ ཕོ་སྐྱེས་ཚུ་ཨིན་པས།
རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཕྲལ་ཁམས་གཅིག་ཁར་ ཁྲོམ་ཁ་ལས་ ཨམ་སྲུ་ཅིག་གིས་ བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་ དང་འདོད་ཡོད་པའི་སྐོར་ལས་ སྙན་ཞུ་འབད་ཡོདཔ་ལས་ གཏན་འཁེལ་སོང་པ་ཅིན་ ཁྲོམ་སྡེ་ནང་ འཛོམས་འདུ་སོ་སོ་སྦེ་ འགོ་འདྲེན་འཐབ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment