གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཌོག་ཊར་ཅིག་གིས་ དཀར་ཚོ་རྒེད་འོག་ལས་ མི་ངོ་༢ པ་སྦེ་ཐོན་ཡོདཔ།

༡༨/༣/༢༠༡༣   ༉ དུས་ཅིའི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་ཨིན་མི་ ནོར་བུ་དབང་ཕྱུག་དེ་ ཧཱ་རྫོང་ཁག་ལས་ མི་ངོ་༣ པ་དང་ དཀར་ཚོ་རྒེད་འོག་ནང་ལས་ མི་ངོ་༢ པ་ཨིན་པས།
ནོར་བུ་དབང་ཕྱུག།


སྐྱེས་ལོ་༣༢ ལང་མི་ ཌོག་ཊར་དེ་གིས་ སྤྱི་ལོ་༢༠༠༨ ལུ་ ཕི་ཌ་ ཀེསི་ཊོ་ སློབ་གཉེར་གྲོགས་རམ་ཐོག་ལས་ ལོ་ངོ་༧ གྱི་རིང་ ཀིའུ་བ་ལས་ ཨེམ་བི་བི་ཨེསི་གི་ སྦྱོང་བརྡར་མཐར་འཁྱོལ་བའི་ཤུལ་ལུ་ ཐིམ་ཕུ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ལོ་༢ དང་  དགེ་ལེགས་ཕུག་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ལོ་༢ ཕྱག་ཞུ་ཡོདཔ་ཨིན་པས།
ནོར་བུ་དབང་ཕྱུག་དེ་ ད་ལྟོ་ཚུན་ ཀིའུ་བ་ལུ་ ཨེམ་བི་བི་ཨེསི་ཤེས་ཡོན་ལྷབ་མི་ འབྲུག་པའི་ཌོག་ཊར་ དང་པ་ཨིན་པས།
སྤྱི་ལོ་༢༠༠༧ ལུ་ སྣུམ་འཁོར་ཐུག་རྐྱེན་ནང་ ཚུད་པའི་ཤུལ་ལུ་ ཁོ་གིས་ སྨན་ཁང་ཚུ་ནང་ ནདཔ་ཚུ་གི་ དགོས་མཁོ་དང་འཁྲིལ་ ལཱ་འབད་ནི་ལུ་ དཀའ་ངལ་བྱུང་མི་ལུ་བརྟེན་ གཞུང་གཡོག་ནང་ལས་ དགོངས་ཞུ་འབད་ཡོདཔ་ཨིན་པས།
མ་གཞི་ཁོ་ར་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་འབད་བར་ འགྱོ་ནིའི་དོན་ལུ་ གདམ་འཐུའི་ཆོས་རྒྱུགས་ཡང་རྐྱབ་སྟེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་རུང་ ཁོ་གི་དོན་ལུ་ ལཱ་འབད་སའི་ས་ཁོངས་དེ་ ལེ་བ་ནཱན་གྱི་ས་གནས་ སི་ར་ཡ་ལུ་ སྐྱབས་བཅོལ་བ་ཚུ་གི་ སྡོད་སྒར་ནང་ ཕོག་མི་ལུ་བརྟེན་ ཆ་མེད་བཏང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ད་ཚུན་ ཁོ་གིས་ རྒྱལ་ཡོངས་ཚོགས་སྡེ་དང་ ཚོགས་འདུའི་བཅའ་ཁྲིམས་ཚུ་ ལྷག་སྟེ་སྡོད་ཡོདཔ་ད་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་བསྐྱེད་མི་དེ་ཡང་ ཚོགས་སྡེ་ནང་ གསོ་བའི་ཤེས་ཡོན་གྱི་ རྒྱབ་རྟེན་ཡོད་མི་ཅིག་ དགོཔ་ཁག་ཆེཝ་སྦེ་ མཐོང་མི་ལུ་བརྟེན་ཏེ་ཨིན་ཟེར་ ཁོ་གིས་སླབ་ཨིན་པས།
དེ་བཟུམ་སྦེ་ ཁོ་རའི་ནང་མི་དང་ ལྟ་ལྟོ་ཚང་ཚུ་གིས་ ཁོ་ལུ་ རྒྱབ་སྐྱོར་འབད་ཡོདཔ་ད་ ད་ལྟོ་ཚུན་ལུ་ རྫོང་ཁག་གི་ རྒེད་འོག་ག་རའི་ནང་ སོང་ཡོདཔ་ཨིན་རུང་ གསང་སྦས་ཁ་རྐྱངམ་གཅིག་ནང་ འགྱོ་མ་ཚུགས་པར་ ཡོད་ཟེར་ཨིན་པས།
དཀར་ཚོ་རྒེད་འོག་ནང་ འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༢༢ ལུ་ འགོ་འདྲེན་འཐབ་ནི་དང་ ནོར་བུ་དབང་ཕྱུག་གིས་ ཁོ་ར་ རྒྱལ་ཁ་ཐོབ་ནི་རྐྱངམ་གཅིག་མེན་པར་ མི་སེར་ཚུ་ལུ་ གདམ་ཁ་མངམ་སྦེ་ སྤྲོད་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
གལ་སྲིད་ཁོ་ར་ བཙག་འཐུ་འགྲུབ་པ་ཅིན་ ཤེས་རིག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཚུ་ལུ་ གཙོ་རིམ་བཟུང་ཐོག་ལས་ རྒྱལ་ཁབ་ཀྱི་ཞི་བདེ་དང་ བདེ་སྐྱིད་ཚུ་ གོང་འཕེལ་གཏང་ཐབས་ལུ་ ཕྱག་ཞུ་ནི་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཙག་འཐུའི་སྐབས་ མི་སེར་ཚུ་གིས་ ཁོང་རའི་ ལག་པར་ཡོད་པའི་ཚོགས་རྒྱན་ བཙུགས་ནིའི་དབང་ཚད་དེ་ འཕྲོ་བརླག་མ་གཏང་པར་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོད་ཟེར་ སླབ་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment