གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ངོ་སྤྲོད་ལག་ཁྱེར་སྤྲོད་ནི་ མཚམས་འཇོག་འབད་མི་ལུ་བརྟེན་ མི་མང་ལུ་དཀའ་ངལ།

༩/༣/༢༠༡༣   ༉ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ལས་ ངོ་སྤྲོད་ལག་ཁྱེར་བྱིན་ནི་ བཀག་ཆ་འབད་བཞག་ཡོདཔ་ཨིན་རུང་ བདུན་ཕྲག་དག་པ་ཅིག་གི་ ནང་འཁོད་ལུ་ར་ ལོག་བཀྲམ་སྤེལ་འབད་ནི་ འགོ་བཙུགས་ནི་ཨིན་པས།


སློབ་གྲྭའི་སློབ་ཕྲུག་ མང་ཤོས་ཅིག་ར་ ལོག་སློབ་གྲྭ་ནང་ འགྱོ་ནིའི་དུས་ཚོད་རན་ཡོད་པའི་ཁར་ སློབ་གྲྭ་བདག་སྐྱོང་གིས་ ངོ་སྤྲོད་ལག་ཁྱེར་དགོཔ་སྦེ་ སླབ་པའི་སྐབས་ བྱ་སྟབས་མ་བདེཝ་ཐོན་ཡོདཔ་མ་ཚད་ ངོ་སྤྲོད་ལག་ཁྱེར་བྱང་སྟོར་ཤོར་ཡོད་མི་ཚུ་ལུ་ཡང་ དཀའ་ངལ་སྦོམ་ར་བྱུང་ཡོདཔ་ཨིན་པས།
ཐིམ་ཕུ་ འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༡༡ པའི་སློབ་ཕྲུག་ཅིག་གིས་ བཤད་མི་དང་འཁྲིལཝ་ད་ སློབ་གྲྭའི་བདག་སྐྱོང་ཁ་ཐུག་ལས་ མོ་ལུ་ ནང་སྲིད་ལྷན་ཁག་ནང་ལས་ ངོ་སྤྲོད་ལག་ཁྱེར་བཟོ་བའི་བསྒང་ཨིན་ཟེར་བའི་ ངོ་སྦྱོར་ཡི་གུ་འབག་ཤོག་ཟེར་ བདུན་ཕྲག་༢ ཀྱི་ དུས་ཚོད་བྱིན་ཡི་ཟེར་ཨིན་པས།
ནང་སྲིད་ལྷན་ཁག་འོག་གི་ མི་རྩིས་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ངོ་སྤྲོད་ལག་ཁྱེར་ བཀྲམ་སྤེལ་འབད་ནི་ བཀག་ཆ་འབད་བཞག་མི་གིས་ སྟབས་མ་བདེཝ་སྦོམ་ར་མི་ཐོནམ་འོང་ཟེར་ མནོཝ་མས་ཟེར་ཨིན་པས།
ངོ་སྤྲོད་ལག་ཁྱེར་ བཀྲམ་སྤེལ་འབད་ནི་ བཀག་ཆ་འབད་བཞག་དགོ་མི་དེ་ཡང་ ངོ་སྤྲོད་ལག་ཁྱེར་ གསརཔ་བཀྲམ་སྤེལ་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
ངོ་སྤྲོད་ལག་ཁྱེར་ གསརཔ་བཀྲམ་སྤེལ་འབད་ནི་ཨིན་མི་དེ་ ཉེན་སྲུང་དང་ལྡན་ཏོག་ཏོ་འོང་ནི་ཨིནམ་མ་ཚད་ སྤུས་ཚད་ཡང་ལེགས་ཤོམ་ཡོད་ཟེར་ཨིན་པས།
མི་རྩིས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཧེ་མའི་ གནས་སྡུད་ཡོད་མི་ལས་ ད་ལྟོ་མི་ཁུངས་ངོ་སྤྲོད་ལག་ཁྱེར་གསརཔ་ནང་ སྤོ་སོར་འབད་ནིའི་དོན་ལུ་ འགོ་དཔོན་མང་རབས་ཅིག་ སྦྱོང་བརྡར་གྱི་དོན་ལུ་ བཏང་ཡོད་མི་ཚུ་ ད་རེས་འཕྲལ་ཁམས་ལུ་ ལྷོདཔ་ཅིག་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གློ་འབུར་དུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་དགོ་མི་ དཔེར་ན་ སློབ་ཕྲུག་ ཕྱི་རྒྱལ་ཁབ་ནང་ དཔེ་ཆ་ལྷབ་པར་འགྱོ་མི་ཚུ་དང་ སྨན་བཅོས་ཀྱི་དོན་ལུ་འགྱོ་དགོཔ་ཐོན་མི་ཚུ་ལུ་ གནད་དོན་གལ་ཆེ་ཧིང་དང་འཁྲིལ་ཏེ་ བྱིན་ཏེ་ར་ ཡོད་ཟེར་ཨིན་པས།
བརྡ་དོན་འཕྲུལ་རིག་འགོ་དཔོན་གོངམ་ རྡོ་ཕུག་གིས་འབད་བ་ཅིན་ ངོ་སྤྲོད་ལག་ཁྱེར་ གསརཔ་བཀྲམ་སྤེལ་འབད་ནི་གི་ ལཱ་འགོ་བཙུགས་ཞིནམ་ལས་ ལཱ་ཚུ་སྟབས་བདེ་ཏོག་ཏོ་སྦེ་ འགྱོ་ནིའི་རེ་བ་བསྐྱེད་དོ་ཟེར་ཨིན་པས།
མི་ཁུངས་ངོ་སྤྲོད་ལག་ཁྱེར་གསརཔ་དེ་ འཕྲལ་མགྱོགས་ར་ ནང་སྲིད་ལྷན་ཁག་འོག་གི་ མི་རྩིས་ལས་ཁུངས་ཀྱིས་ བཀྲམ་སྤེལ་འབད་ནི་ འགོ་བཙུགས་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment