གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེའི་འཐུས་མི་ཅིག་གིས་ སྲིད་དོན་ནང་ འབྲེལ་གཏོགས་འབད་ནིའི་དོན་ལུ་ དགོངས་ཞུ་འབད་ཡོདཔ།

༩/༣/༢༠༡༣   ༉ འདས་པའི་པའི་བདུན་ཕྲག་ནང་ འབྲུག་མཉམ་རུབ་ཚོགས་པའི་ ཐིམ་ཕུ་སྟོད་ཀྱི་འདེམས་ངོ་དེ་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ སངས་རྒྱས་བཟང་མོ་འཐོན་ནི་གི་ ལོ་རྒྱུས་གོ་མི་དང་བསྟུན་ ཁ་ཙ་ ཚོགས་སྡེའི་འཐུས་མི་ སངས་རྒྱས་བཟང་མོ་གིས་ མཉམ་རུབ་ཚོགས་པའི་ འདེམས་ངོ་སྦེ་ འཐོན་ནིའི་དོན་ལུ་ ཚོགས་སྡེ་ལས་ དགོངས་ཞུ་འབད་ནི་ཨིན་པས།
སངས་རྒྱས་བཟང་མོ།


ཁ་ཙ་ བརྡ་བརྒྱུད་ཞལ་འཛོམས་ནང་ སངས་རྒྱས་བཟང་མོ་གིས་ སླབ་མིའི་ནང་ མོ་གིས་ སྲིད་དོན་ནང་འབྲེལ་གཏོགས་འབད་ནིའི་ དང་འདོད་དེ་ ཧེ་མ་ལས་ཡོདཔ་བཞིན་དུ་ འདས་པའི་ཟླཝ་༦ དེ་ཅིག་གི་ཧེ་མར་ ཚོགས་སྡེ་ལས་ དགོངས་ཞུ་འབད་ནི་ དང་འདོད་ཚུ་ཡང་ ཚོགས་སྡེའི་འཐུས་མི་ནང་འཁོད་ལུ་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
ཨིན་རུང་ ཟླཝ་༦ གི་ཧེ་མར་ དགོངས་ཞུ་འབད་བ་ཅིན་ ད་རུང་ འཐུས་མི་གསརཔ་ བཙག་འཐུ་འབད་དགོཔ་འཐོན་ནི་ཨིན་པའི་ཁར་ ཨམ་སྲུའི་འབྲེལ་གཏོགས་དང་ ལྕོགས་གྲུབ་གོང་འཕེལ་གྱི་གནད་དོན་ནང་ སེམས་ཤུགས་ཅན་ཅིག་ཨིན་མི་ལུ་བརྟེན་ ཨམ་སྲུ་ལུ་ འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱད་ཡིག་༢༠༡༢ ཅན་མ་དེ་ ཚོགས་ཐེངས་༡༠ པའི་ནང་ འགག་བཤེར་འབད་དགོཔ་ལུས་མི་དེ་གིས་ཡང་ དགོངས་ཞུ་འབད་ནི་ལས་ བཤོལ་བཞག་འབད་དགོཔ་ ཐོན་ཡི་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ སྲིན་དོན་ནང་འབྲེལ་གཏོགས་ཀྱི་ དང་འདོད་བསྐྱེད་མི་དེ་ཡང་ གཞུང་དང་མི་སེར་ལུ་ ཕྱག་ཞུ་ནི་གི་ ས་གོ་འོས་ལྡན་ཅིག་ སྲིད་དོན་ནང་ འབྲེལ་གཏོགས་འབད་ནི་དེ་ཨིན་པའི་ཁར་ སྲིད་ཚོགས་མང་ཤོས་ཅིག་གིས་ མོ་ལུ་དང་འདོད་བཀོད་མི་ཐོན་མི་ལུ་བརྟེན་ སེམས་ཤུགས་དང་ སྤྲོ་བ་ཐེབས་བྱུང་ཡི་ཟེར་ཨིན་པས།
འགོ་ཐོག་ལུ་ མོ་གིས་ ཚོགས་སྡེའི་གནས་ཡུན་ཚང་ཞིནམ་ལས་ ལོ་༥ འི་རིང་ གྲ་སྒྲིག་འབད་ཐོག་ལས་ སྤྱི་ལོ་༢༠༡༨ ལུ་ སྲིད་དོན་ནང་ སླར་ལོག་འོང་ནི་གི་ འཆར་གཞི་ཡོདཔ་མ་ཚད་ མོ་རའི་རྒྱབ་སྐྱོར་བ་ཚུ་ལུ་ཡང་ དེ་སྦེ་ སླབ་ཅི་ཟེར་ཨིན་པས།
དེ་བསྒང་ སྲིད་ཚོགས་ནང་འབྲེལ་གཏོགས་ཀྱི་ དང་འདོད་ཡོད་རུང་ མཉམ་རུབ་ཚོགས་པའི་ནང་ འབྲེལ་གཏོགས་འབད་ནིའི་ མནོ་བསམ་མེདཔ་ཨིན་རུང་ འདས་པའི་ཟླཝ་༦ དེ་ཅིག་གི་རིང་ མཉམ་རུབ་ཚོགས་པའི་ གནས་སྟངས་དང་ གནས་ཚུལ་ཚུ་ལུ་ སྤྲོ་བ་ལེན་ཐོག་ལས་ འབྲེལ་འཐབ་འབད་ཡི་ཟེར་ཨིན་པས།
མོ་གིས་ སྤྱི་ལོ་༢༠༠༧ ལུ་ ཚོགས་སྡེ་ནང་ དོ་འགྲན་འབད་བའི་སྐབས་ཀྱི་ མོ་རའི་བློ་འདོད་ཀྱི་ དམིགས་ཡུལ་དང་ལྟ་བ་ཚུ་ག་ར་ ད་རེས་ འབྲུག་མཉམ་རུབ་ཚོགས་པའི་གཞི་རྩ་དང་ ཁྱད་པར་མེདཔ་སྦེ་མཐོངམ་ལས་ ཚོགས་པ་དེ་གི་ ལྟ་བ་དང་གཞི་རྩ་ཚུ་ མོ་གི་རེ་འདོད་དང་ དམིགས་གཏད་ཚུ་དང་ ཅོག་འཐད་མི་ལུ་བརྟེན་ ཚོགས་པ་དེ་གིས་ མོ་ལུ་ འདེམས་ངོ་སྦེ་ འཐོན་དགོ་པའི་ དང་འདོད་བཀོདཔ་ཅིག་ར་ གོ་སྐབས་ལེན་ཡི་ཟེར་ཨིན་པས།
མོ་གིས་ ཐིམ་ཕུ་སྟོད་ལས་ མཉམ་རུབ་ཚོགས་པའི་ འདེམས་ངོ་ཐོན་མི་དེ་གིས་ ཐིམ་ཕུ་སྟོད་ལས་ བཙག་འཐུའི་ནང་ དོ་འགྲན་འབད་མི་ ཨམ་སྲུ་༤ ཐོནམ་ཨིན་པའི་ཁར་ མོ་གིས་འབད་བ་ཅིན་ ཨམ་སྲུའི་འབྲེལ་གཏོགས་དང་ ལྕོགས་གྲུབ་ཡར་སེང་གི་ གནད་དོན་ལུ་ རྒྱབ་སྐྱོར་ཐོག་ ཁོང་ཨམ་སྲུ་༤ ལས་༡ གིས་ སྤྱི་ཚོགས་ནང་ འཐུས་མི་སྦེ་ འོང་ཚུགས་པའི་རེ་བ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment