གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་རྒྱང་བསྒྲགས་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ།

༩/༣/༢༠༡༣    ༉ ལས་ཁུངས་ཁག་གི་ བར་ན་ ཕུཊ་བཱོལ་རྩེད་འགྲན་འབད་བའི་བསྒང་ཡོད་མི་ སྤྱི་ཟླ་༣ པའི་ཚེས་༧ རེས་གཟའ་པ་སངས་ཀྱི་ཕྱི་རུ་ ལས་འཛིན་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་རྒྱང་བསྒྲགས་ཀྱིས་ གཱོལ་༦ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།


འབྲུག་རྒྱང་བསྒྲགས་སྡེ་ཚན་གྱིས་ རྩེན་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༤༠ ལུ་གཱོལ་ཅིག་བཙུགས་པའི་ཤུལ་ལུ་ སྐར་མ་༨༨ ཀྱི་ནང་འཁོད་ལུ་ ཡོངས་བསྡོམས་གཱོལ་༦ བཙུགས་ཡོདཔ་ཨིན་པས།
ཀུན་གསལ་ལས་འཛིན་གྱི་ རྩེད་འགྲན་འབད་མི་ཚུ་ལུ་ སྦྱང་བ་དང་ ཉམས་མྱོང་ལེགས་ཤོམ་མེདཔ་ལས་ རྩེད་འགྲན་དེ་ སྤྲོ་བ་ཅན་གྱི་ཐོག་ལུ་ དོ་འགྲན་འབད་མ་ཚུགསཔ་ཨིན་པས།
ནངས་པ་ ཕྱི་རུའི་ཆུ་ཚོད་༡ ལས་༣ ཚུན་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་ནི་དང་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༤ པའི་ཚེས་༢ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ

བཀྲིས་ཕུན་ཚོགས།

No comments:

Post a Comment