གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ མི་དབང་མཆོག་གིས་ ཚོགས་སྡེའི་བཙག་འཐུ་འགོ་འདྲེན་གྱི་ བཀའ་ཤོག་གནང་ནི།

༩/༣/༢༠༡༣   ༉ བཙག་འཐུ་ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འགོ་འདྲེན་འཐབ་ནིའི་བཀའ་ཤོག་ ད་རིས་གནང་ནི་ཨིནམ་ལས་ བཀའ་ཤོག་དེ་གི་ཐོག་ལས་ འབྲུག་གི་སྤྱི་ཚོགས་གཉིས་པའི་ བཙག་འཐུ་གི་ བྱ་སྒོའི་རིམ་པ་ཚུ་ འགོ་བཙུགས་ནི་ཨིན་པས།


བཀའ་ཤོག་དེ་ཡང་ བཙག་འཐུའི་བཅའ་ཁྲིམས་ཀྱི་ དོན་ཚན་༡༩༣ པ་དང་འཁྲིལཝ་ད་ འབྲུག་རྒྱལཔོ་མཆོག་གིས་ བཙག་འཐུ་ལྷན་ཚོགས་ལས་ བཅའ་ཁྲིམས་ཀྱི་དགོངས་དོན་ཚུ་དང་བསྟུན་ འོས་འབབ་རན་པའི་དགོངས་བཞེད་གནང་ཞིནམ་ལས་ གྲོས་འདེབས་ཕུལ་བའི་ ཚེས་གྲངས་དེ་ཁར་ བཅའ་ཁྲིམས་འདིའི་ དགོངས་དོན་ཚུ་དང་འཁྲིལ་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ཁོངས་ཆ་མཉམ་ལུ་ འཐུས་མི་ཚུ་བཙག་འཐུ་འབད་དགོ་པའི་ བཀའ་ཁྱབ་གནང་དགོ་ཟེར་ འཁོད་ཡོད་མི་དང་འཁྲིལ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ གནས་ཡུན་དེ་ བཅའ་ཁྲིམས་དང་འཁྲིལཝ་ད་ ཚོགས་སྡེའི་ཚོགས་ཐེངས་དང་པ་ འཚོགས་པའི་ཉིནམ་ལས་ ལོ་༥ འི་རིང་ཨིནམ་སྦེ་ བཀོད་མི་དང་འཁྲིལཝ་ད་ ཚོགས་སྡེའི་ཚོགས་ཐེངས་དང་པ་དེ་ སྤྱི་ལོ་༢༠༠༨ ཟླ་༤ པའི་ཚེས་༢༨ ལུ་ འཚོགས་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༢༨ ལུ་ གནས་ཡུན་ཚངམ་ཨིན་པས།
ཚོགས་སྡེའི་གནས་ཡུན་ཚང་བའི་ཉིནམ་དེ་ལུ་ འདེམས་ངོ་གསརཔ་ཚུ་གིས་ བཙག་འཐུ་འབད་དེ་ བསྐྱར་འཛུགས་འབད་ཚུགསཔ་སྦེ་ བཙག་འཐུ་འགོ་འདྲེན་འཐབ་དགོཔ་ལས་ ཚོགས་སྡེའི་འདེམས་ངོ་གསརཔ་ཚུ་གི་དོན་ལུ་ འདེམས་ཁོངས་ཚུ་ནང་ལས་ གདམ་ངོ་བཏོན་ནིའི་ བྱ་རིམ་ཚུ་དང་ དེ་ལས་ བསྐུལ་བསྒྲགས་འབད་ནི་གི་ དུས་ཚོད་གངམ་མི་ཐོབ་ནི་ཨིན་པས།
ད་རིས་ བཀའ་ཤོག་གནང་ཞིནམ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་ཚེས་གྲངས་ཚུ་ གསལ་བསྒྲགས་འབད་ཞིནམ་ལས་ རྒེད་འོག་ཚུ་ནང་ལས་ རང་སོའི་ཚོགས་སྡེའི་ གདམ་ངོ་ཚུ་བཏོན་ནི་གི་ གདམ་འཐུའི་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་དགོ་པའི་ཁར་ རྒེད་འོག་ཚུ་ནང་ལས་ གདམ་ངོ་ཚུ་ གདམ་འཐུ་གྲུབ་སྟེ་ བཏོན་ཚར་ཞིནམ་ལས་ བསྐུལ་བསྒྲགས་ཚུ་ འགོ་འདྲེན་འཐབ་ནི་ཨིན་པས།
ད་རིས་ མི་དབང་མཆོག་གིས་ ཚོགས་སྡེའི་བཙག་འཐུ་འགོ་འདྲེན་གྱི་ བཀའ་ཤོག་གནང་མི་དང་འཁྲིལ་ བཙག་འཐུ་ལྷན་ཚོགས་ཀྱིས་ བཙག་འཐུའི་ཚེས་གྲངས་དང་ བྱ་སྒོའི་ལས་རིམ་ དེ་ལས་ ཚོགས་རྒྱན་བཙུགས་མི་ཚུ་གི་ ཐོ་དེབ་ལ་སོགས་པའི་ གསལ་སྟོན་གྱི་ལས་རིམ་དེ་ ནངས་པར་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment