གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ བློན་ཆེན་མཆོག་གིས་ རྒྱལ་ཁམས་ཀྱི་ གནས་སྟངས་སྙན་ཞུ་ཕུལ་ནི།

༤/༣/༢༠༡༣ ༉ ད་རིས་ སྤྱི་ཚོགས་དང་པའི་ མཐའན་མཇུག་གི་ ཚོགས་ཐེངས་༡༠ པའི་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ དམངས་གཙོའི་ཐོག་ལས་ བཙག་འཐུ་གྲུབ་མི་ གཞུང་སྐྱོང་དང་པ་གིས་ འདས་པའི་ལོ་ངོ་༥ ནང་འཁོད་ལུ་ གྲུབ་འབྲས་དང་ དོ་འགྲན་བྱུང་མི་ཚུ་གི་སྐོར་ལས་ སྙན་ཞུ་ཕུལ་ནི་ཨིན་པས།


དེ་ཡང་ བློན་ཆེན་མཆོག་གིས་ སྤྱི་ཚོགས་ལྷན་བཞུགས་ནང་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ སྙན་ཞུ་ཕུལ་བའི་སྐབས་ལུ་ རྒྱལ་ཁབ་གོང་འཕེལ་ལུ་ ལྷན་ཐབས་འབད་བའི་ གལ་ཅན་གྱི་ ལས་རིམ་ཚུ་དང་ གཞུང་སྐྱོང་ཚོགས་པ་གིས་ ཁས་བླངས་འབད་མི་ཚུ་ གྲུབ་མི་དང་ གྲུབ་མ་ཚུགས་མི་ དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་དང་པ་ལས་༤ པ་ཚུན་གྱི་ གནས་སྟངས་ཚུ་གི་སྐོར་ལས་ གསལ་བཤད་ཕུལ་ནི་ཨིན་པས།
སྤྱི་ཚོགས་ནང་ སྙན་ཞུ་ཕུལ་ཚར་བའི་ཤུལ་ལུ་ ཉིན་མའི་ཆུ་ཚོད་༢ ལུ་ བློན་ཆེན་མཆོག་གིས་ དབུ་ཁྲིད་མཛད་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པ་ཚུ་དང་ བརྡ་བརྒྱུད་ཀྱི་བར་ན་ གནས་ཚུལ་ཞལ་འཛོམས་ཅིག་ འཚོགས་གནང་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment