གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་རྒྱུན་ལུ་བརྟེན་ གླངམོ་ཆེ་༡ ལུ་ཤི་རྐྱེན།

༤/༣/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༡༤ ལུ་ པདྨ་དགའ་ཚལ་ ངང་ལམ་ ནོར་བུ་སྒང་རྒེད་འོག་གི་ ཨེ་ལེན་ཅི་འཛུགས་སྐྱོང་འབད་སའི་ ཞིང་ཅིག་ནང་ ཨེ་ཤི་ཡན་གྱི་གླངམོ་ཆེ་ གི་རོ མཐོང་ཡོདཔ་ཨིན་པས།
ཤི་རྐྱེན་བྱུང་མི་ གླངམོ་ཆེ་གི་རོ།


ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ སྐྱེས་ལོ་༤༩ ལས་༥༠ འི་བར་ན་འབད་མི་ གླངམོ་ཆེ་དེ་ གློག་རྒྱུན་རེག་མི་ལུ་བརྟེན་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
གཟུགས་ཀྱི་མཐོ་ཚད་ཕིཊ་༨ དང་ཨིན་ཅི་༦ འབད་མི་ གླངམོ་ཆེ་དེ་ གློག་ཤུགས་མཐོ་དྲགས་ཡོད་མི་ གློག་ཐག་ཅིག་གུ་ རེག་པའི་ཤུལ་ལུ་ ཤི་རྐྱེན་བྱུང་ནུག་ཟེར་ ནགས་ཚལ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ངང་ལམ་གྱི་ ནགས་ཚལ་འགོ་དཔོན་ཚུ་གིས་ ཞིབ་དཔྱད་འབད་བའི་སྐབས་ གླངམོ་ཆེ་དེ་ གློག་རྒྱུན་གྱིས་ ཁ་འཚིགས་བཏང་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ན་ཧིང་ གནམ་བྱཱར་གྱི་སྐབས་ལུ་ ཤིང་འགྱེལ་སོང་མི་ཅིག་ གློག་ཐག་གུ་ཕོགཔ་ལས་ གློག་ཐག་དམའ་སུ་ཅིག་སྦེ་ དཔྱངས་ཡོད་མི་ལུ་བརྟེན་ རྐྱེན་ངན་བྱུང་ནུག་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ ས་ཁོངས་ནང་ དྲིམ་མ་འདྲཝ་ཅིག་ ཚོར་ཡོདཔ་ལས་ བལྟ་བར་འགྱོ་བའི་བསྒང་ལས་ གླངམོ་ཆེ་ཅིག་ ཤི་ཡོདཔ་མཐོང་བའི་ཤུལ་ལུ་ ནགས་ཚལ་འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
རིང་ཚད་ཕིཊ་༡.༥ འབད་མི་ གླངམོ་ཆེའི་མཆེཝ་དེ་ གཞུང་ལུ་ ཕུལ་ཡོདཔ་བཞིན་དུ་ རོ་དེ་ ས་དོང་ནང་ བཙུགས་ཡོདཔ་ཨིན་པས།
ས་གནས་ཀྱི་ མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ གློག་ཐག་ཚུ་ དེ་སྦེ་བཞག་པ་ཅིན་ ད་ལྟོ་ གླངམོ་ཆེ་ལུ་ རྐྱེན་ངན་བྱུང་དོ་བཟུམ་སྦེ་ མི་ཚུ་ལུ་ཡང་ འབྱུང་ནིའི་ཉེན་ཁ་ སྦོམ་འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment