གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་པཱོལ་དང་ སི་ཀིམ་སྡེ་ཚན་ རྒྱལ་ཕམ་ཕྱེ་མ་ཚུགསཔ།

༤/༣/༢༠༡༣  ༉ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་རྩེད་ཐང་ནང་སྦེ་ འགོ་ཐོག་དང་པ་ རྒྱ་གར་ སི་ཀིམ་ཡུ་ནའེ་ཊེཌ་ཕུཊ་བཱོལ་སྡེ་ཚན་དང་ འབྲུག་པཱོལ་སྡེ་ཚན་གཉིས་ རྩེད་འགྲན་འབད་བའི་སྐབས་ ལྟདམོ་ལྟ་མི་སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ཡི།
སི་ཀིམ་ཡུ་ནའེ་ཊེཌ་(ཁེན་འཇར་སེརཔོ་)དང་ འབྲུག་པཱོལ་གྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ སྡེ་ཚན་༢ ཀྱིས་ དོ་འགྲན་ཅན་སྦེ་ རྩེད་འགྲན་འབད་མི་ལུ་བརྟེན་ སྡེ་ཚན་རེ་གིས་ གཱོལ་༤ རེ་འདྲན་འདྲ་བཙུགས་ཡོདཔ་ལས་ ལྟདམོ་ལྟ་མི་ཚུ་ལུ་ ངལ་རངས་དང་ ཡིད་ཆེས་སྦོམ་བྱུང་ཡི།
སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༣༠ ཚུན་ གཅིག་གིས་གཅིག་ལུ་ གཱོལ་བཙུགས་མ་ཚུགས་རུང་ སི་ཀིམ་ཡུ་ནའེ་ཊེཌ་སྡེ་ཚན་གྱིས་ རྩེད་འགྲན་ཁ་བཙན་སུ་སྦེ་ འབད་ཡོདཔ་ཨིན།
དུས་ཡུན་སྐར་མ་༣༥ ནང་ སི་ཀིམ་ཡུ་ནའེ་ཊེཌ་སྡེ་ཚན་གྱིས་ གཱོལ་དང་པ་བཙུགས་པའི་ཤུལ་ལུ་ གོ་རིམ་བཞིན་དུ་སྦེ་ སྡེ་ཚན་གཉིས་ཆ་ར་གིས་ རང་སོའི་རིག་རྩལ་ཚུ་བཏོན་ཐོག་ལས་ གཱོལ་བཙུགས་ཅི།
སྡེ་ཚན་གཉིས་ཀྱིས་ གཱོལ་༣ འདྲན་འདྲ་བཙུགས་ཏེ་ ག་གིས་རྒྱལ་ཁ་ཐོབ་ནི་ཨིན་ན་ མ་ཤེས་པར་སྡོད་པའི་བར་ན་ར་ སྐར་མ་༨༥ འི་ནང་ སི་ཀིམ་ཡུ་ནའེ་ཊེཌ་སྡེ་ཚན་གྱིས་ གཱོལ་༤ པ་བཙུགས་དཔ་ལས་ འབྲུག་པཱོལ་ ཕམ་ནི་ཨིནམ་ཐག་ཆོད་མས་ཟེར་ སླབ་སྡོད་པའི་བར་ན་ར་ སྐར་མ་༩༠ ལུ་ དུས་ཡུན་ཚངམ་ད་ འབྲུག་པཱོལ་སྡེ་ཚན་གྱིས་ གཱོལ་༡ བཙུགས་ཏེ་ འདྲན་འདྲ་བཟོ་ཡི།
སི་ཀིམ་ཡུ་ནའེ་ཊེཌ་སྡེ་ཚན་གྱིས་ སྤྱི་ཟླ་༣ པའི་ཚེས་༥ ལུ་ གཟིམ་སྒྲ་སྡེ་ཚན་དང་ ཚེས་༦ ལུ་ འབྲུག་རྒྱལ་ཡོངས་ཕུཊ་བཱོལ་ལས་ དྲག་ཤོས་ཨང་༡ པ་ཐོན་མི་ ཡིད་འཛིན་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment