གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་སྡེའི་འཐུས་མི་༡༡ གིས་ དགོངས་ཞུ་འབད་ཡོདཔ།

༡༩/༣/༢༠༡༣   ༉ ད་རེས་ནངས་པ་ སྲིད་དོན་གྱི་གནད་དོན་དང་འབྲེལ་བའི་ འུར་བྱེལ་འཐབ་པའི་གནས་སྐབས་ན་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་༥ གིས་ ལོག་དོ་འགྲན་འབད་ནིའི་དོན་ལུ་ ཚོགས་སྡེའི་འཐུས་མི་ནང་ལས་ དགོངས་ཞུ་འབད་ཡོདཔ་ལས་ ད་ཚུན་ འཐུས་མི་༡༡ གིས་ དགོངས་ཞུ་འབད་མིའི་གྲས་ལས་ གཅིག་གིས་ སྲིད་དོན་ཚོགས་པ་ནང་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།


སྤྱི་ཟླ་༣ པའི་ཚེས་༡༨ ལུ་ གཞལམ་སྒང་གི་འཐུས་མི་ པདྨ་ལྷ་མོ་དང་ མོང་སྒར་གྱི་འཐུས་མི་གནས་ཅུ་ ཧཱ་གི་འཐུས་མི་ ཚེ་རིང་རྡོ་རྗེ་ བུམ་ཐང་འཐུས་མི་ ཚེ་དབང་འགྱུར་མེད་ པདྨ་དགའ་ཚལ་གྱི་འཐུས་མི་ འཇིགས་མེད་རིག་འཛིན་ཚུ་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེ་ལས་ གནས་ཚུལ་བཤད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཐུས་མི་གཞན་མི་དག་པ་ཅིག་གིས་ཡང་ དགོངས་ཞུའི་ཡི་གུ་བཙུགས་ནི་གི་ ལོ་རྒྱུས་འདུག་ཟེར་ཨིན་པས།
འཐུས་མི་ཚུ་གི་གྲས་ལས་ འཐུས་མི་༥ འབད་མིའི་ སྡེ་ཚན་ཅིག་གིས་ ཟླཝ་དེ་གི་ སྤྱི་ཚེས་༡༦ ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ཚོགས་སྡེའི་ཁྲི་འཛིན་ རྣམ་རྒྱལ་དཔལ་འབྱོར་གྱིས་འབད་བ་ཅིན་ འཐུས་མི་ཚུ་གིས་ ད་ལྟོ་ལས་ག་ཅི་སྦེ་ དགོངས་ཞུ་འབདཝ་ཨིན་ན་ མི་ཤེས་པས་ཟེར་ཨིན་རུང་ ཁོ་གིས་ ཡི་གུ་ལྷོད་མི་ཚུ་ལུ་ འགན་གྲོལ་བཀའ་རྒྱ་བྱིན་དོ་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དོན་ལུ་ བཙག་འཐུ་དེ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ རྒེད་འོག་ནང་ལས་ཕར་ འཛོམས་འདུ་འཚོག་དོ་ཡོད་པའི་ཁར་ དགོངས་ཞུ་འབད་མི་འཐུས་མི་ལ་ལུ་ཅིག་གིས་ རང་སོའི་རྒེད་ནང་ ལྷོད་ཡོདཔ་ད་ ལ་ལུ་ཅིག་གིས་ ད་ལྟོ་འགྱོ་ནི་ འབད་དོ་ཡོདཔ་ཨིན་པས།
ཚོགས་སྡེའི་འཐུས་མི་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ དགོངས་ཞུ་འབད་ནི་གི་ འགོ་བཙུགས་མི་དེ་ཡང་ བཙག་འཐུ་ལྷན་ཚོགས་ཀྱིས་ ད་ལྟོ་གོ་གནས་ཐོག་ལུ་ཡོད་མིའི་ འཐུས་མི་ཚུ་གིས་ ལོག་དོ་འགྲན་འབད་ནི་གི་ འཆར་གཞི་ཡོད་པ་ཅིན་ ངེས་པར་དུ་ དགོངས་ཞུ་འབད་དགོཔ་སྦེ་ སླབ་ནི་དེ་གིས་ཨིན་པས།
ཨིན་རུང་ འཐུས་མི་ཚུ་གིས་འབད་བ་ཅིན་ ཁོང་གིས་ དགོངས་ཞུ་མ་འབད་བར་ ཐད་ཀར་དུ་ དོ་འགྲན་འབད་ཆོགཔ་སྦེ་ཡང་ ཡོད་ཟེར་ སླབ་ཨིན་པས།
འཐུས་མི་ཚུ་གིས་ བཙག་འཐུ་ལྷན་ཚོགས་ཀྱིས་ དགོངས་དོན་ལྟར་དུ་འབད་ནི་ འགོ་བཙུགས་ཡོདཔ་ལས་ དགོངས་ཞུ་འབད་མི་ཚུ་གིས་ དགོངས་ཞུའི་ཐོབ་ལམ་ཚུ་ མི་འཐོབ་ནི་བཟུམ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment