གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒོ་སེར་གླིང་རྒེད་འོག་གིས་ ཚོང་འབྲེལ་འཛིན་སྐྱོང་ནང་ མཱསི་ཊར་ཤེས་ཚད་ཡོད་མི་ཅིག་ གདམ་འཐུ་འབད་ཡོདཔ།

༡༩/༣/༢༠༡༣   ༉ ཁ་ཙ་ རྩི་རང་རྫོང་ཁག་ སྒོ་སེར་གླིང་རྒེད་འོག་ནང་ བཙག་འཐུའི་འཛོམས་འདུ་ འགོ་བཙུགསཔ་ཅིག་ར་ ཁྲིམས་སྲུང་འགག་པ་དང་ རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་གིས་ ཉེན་སྲུང་དང་ བཙག་འཐུའི་བྱ་སྒོ་ཚུའི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཡི།
སྒོ་སེར་གླིང་རྒེད་འོག་གི་ མི་སེར་ཚུ་ ཚོགས་སྡེའི་གདམ་ངོ་བཏོན་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་པའི་བསྒང་།


དེ་གི་ཤུལ་ལས་ རྒེད་འོག་ནང་ དང་འདོད་ཅན་གྱི་ མི་ངོམ་༢ ལུ་ དུས་ཡུན་སྐར་མ་༡༠ གྱི་རིང་ ངོ་སྤྲོད་འབད་ནིའི་ དུས་ཚོད་བྱིན་པའི་སྐབས་ སྐྱེས་ལོ་༢༧ ལང་མི་ནོ་བཱིན་དར་ལ་མི་གིས་ ཁོ་ར་ རྫོང་ཁག་ནང་ལས་ འཐུས་མི་སྦེ་ གདམ་ཁ་འགྲུབ་པ་ཅིན་ ཁོ་གིས་ རྩི་རང་རྫོང་ཁག་དེ་ ལྟ་བཤལ་ཚོང་འབྲེལ་ཐོག་ དཔེ་སྟོན་རྫོང་ཁག་ཅིག་སྦེ་ བཟོ་ནིའི་འཆར་གཞི་ཡོད་པའི་ཁར་ བཅའ་ཁྲིམས་གསརཔ་དག་པ་ཅིག་ བཟོ་ནིའི་འཆར་གཞི་ཡང་ཡོད་ཟེར་ ཚོགས་རྒྱན་༡༨༧ ཐོབ་སྟེ་ རྒྱལ་ཁ་ཐོབ་མི་ནོ་བཱིན་དར་ལ་མི་གིས་བཤད་ཅི།
འཛོམས་འདུ་ནང་ རྒེད་འོག་ནང་ལས་ ཚོགས་རྒྱན་བཙུགས་མི་ ཡོངས་བསྡོམས་༣༡༠ འཛོམས་ས་ལས་ ཁོ་གི་ དོ་འགྲན་པ་ སློབ་དཔོན་ལས་ དགོངས་ཞུ་འབད་མི་ སྐྱེས་ལོ་༣༠ ལང་མི་ ཨ་ནཱནཌི་ཀར་ཀི་གིས་ ཚོགས་རྒྱན་༡༢༣ རྐྱངམ་གཅིག་ཐོབ་ནུག།
རྒྱ་གར་བེང་ལོར་ གཙུག་ལག་སློབ་སྡེ་ནང་ལས་ ཚོང་འབྲེལ་འཛིན་སྐྱོང་ནང་ མཐོ་རིམ་ཤེས་ཚད་དང་ མཱསི་ཊར་ ཌི་རི་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལས་ ད་བུ་ཊ་ནིསི་གསར་ཤོག་ནང་ ལོ་མ་ལངམ་ཅིག་ ལཱ་འབད་སྡོད་པའི་ཤུལ་ལུ་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་དོན་ལུ་ བཅའ་མར་གཏོགས་མི་ཚུའི་གྲས་ལས་ གཞོན་ཤོས་ཅིག་ཨིན་མི་ ནོ་བཱིན་གྱིས་ སླབ་མིའི་ནང་ ཁོ་ར་བཙག་འཐུ་ནང་ བཅའ་མར་གཏོགས་མི་དེ་ བསྒྱུར་བཅོས་འབག་འོང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ རྩི་རང་སྟོད་རྒེད་འོག་ནང་ཡང་ འཛོམས་འདུ་དེ་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ སྐྱེས་ལོ་༢༧ ལང་མི་ སངས་རྒྱས་ཏ་མང་དེ་ དགོ་མི་དགོའི་ ཚོགས་རྒྱན་བཙུགས་པའི་སྐབས་ མི་སེར་བསྡོམས་༡༦༠ འཛོམས་ཡོད་ས་ལས་༡༢༤ གིས་ དགོ་པའི་ཚོགས་རྒྱན་བཙུགས་ཏེ་ མཐའ་བཅད་ཀྱི་བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment