གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནངས་པ་ ཁུ་རུའི་མཐའ་བཅད་འགྲན་བསྡུར་འབད་ནི།

༡༩/༣/༢༠༡༣   ༉ ཁ་ཙ་ འབྲུག་སྨན་ལྗོངས་དང་ རྒྱལ་ས་ལྟེ་བ་སྡེ་ཚན་༢ ཀྱི་བར་ན་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ དོ་འགྲན་ཅན་གྱི་ཐོག་ལས་སྦེ་ མཐའན་མཇུག་ལུ་ པེ་ནཱལ་ཊི་རྐྱབ་ད་ འབྲུག་སྨན་ལྗོངས་ཀྱིས་ མཐའ་བཅད་ནང་ལྷོད་ཅི།
གུ་རུ་དབང་རྒྱལ་སྡེ་ཚན་གྱི་ རྩེད་འགྲན་པ་ཅིག་གིས་ ཁུ་རུ་རྐྱབ་པའི་བསྒང་།


དེ་ཡང་ ཁུ་རུའི་འབའ་སྐྱོར་འོག་མའི་ནང་ འབྲུག་སྨན་ལྗོངས་དང་ རྒྱལ་ས་ལྟེ་བ་ དེ་ལས་ རང་ལུགས་ལྷམོ་བཟོ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་སྨན་ལྗོངས་དང་ རྒྱལ་ས་ལྟེ་བ་སྡེ་ཚན་༢ ཀྱིས་ སྐུགས་རེ་རེ་འདྲན་འདྲ་ཆོད་ཡོད་རུང་ སྡེ་ཚན་གཞན་མི་གིས་ སྐུགས་ཐེངས་༡ ཡང་ ཆོད་མ་ཚུགས།
འབྲུག་སྨན་ལྗོངས་དང་ རྒྱལ་ས་ལྟེ་བ་སྡེ་ཚན་༢ ཀྱི་བར་ན་ པེ་ནཱལ་ཊི་ སྐོར་ཐེངས་དང་པའི་ནང་ རྩེད་འགྲན་འབད་མི་ག་གིས་ཡང་ བཀག་རེག་དང་ མདའ་ཡ་ཕོག་མ་ཚུགསཔ་ལས་ སྐོར་ཐེངས་༢ པ་རྐྱབ་དགོཔ་བྱུང་ཡོདཔ་ད་ སྐོར་ཐེངས་༢ པའི་ནང་ འབྲུག་སྨན་ལྗོངས་ལས་ འཆི་མེད་ཀྱིས་ བཀག་རེག་ཕོག་སྟེ་ རྒྱལ་ཁ་ཐོབ་ཅི།
འབའ་སྐྱོར་གཞན་མིའི་ནང་ ཊཱག་སྡེ་ཚན་དང་ གུ་རུ་དབང་རྒྱལ་ དེ་ལས་ རུ་ཀི་ཆུ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ ཊཱག་སྡེ་ཚན་གྱིས་ སྐོར་ཐེངས་༣༠ འི་ནང་ སྐུགས་༤ ཆོད་དེ་ རྒྱལ་ཁ་ཐོབ་པའི་སྐབས་ སྡེ་ཚན་གཞན་མི་༢ ཀྱིས་ སྐུགས་གཅིག་ཡང་ ཆོད་མ་ཚུགསཔ་ཨིན་པས།
ཉི་མའི་རྩེད་འགྲན་ནང་ མཉམ་རོགས་གཞོནམ་དང་ གང་འདྲཝ་ དེ་ལས་ རྫོང་ཁྲིམས་སྲུང་སྡེ་ཚན་༣ ལས་ མཉམ་རོགས་གཞོནམ་གིས་ རྒྱལ་ཁ་ཐོབ་ཅི།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཉིནམ་བརྩི་སྲུང་ཞུཝ་ད་འབྲེལ་ མཉམ་རོགས་གཞོནམ་དང་ ཊཱག་སྡེ་ཚན་ དེ་ལས་ འབྲུག་སྨན་ལྗོངས་སྡེ་ཚན་༣ གྱི་བར་ན་ མཐའ་བཅད་ཀྱི་རྩེད་འགྲན་འབད་ནི་ཨིན་པས།
རྩེད་འགྲན་ཨང་དང་པ་ལུ་ དངུལ་རྐྱང་གི་གསོལ་རས་དངུལ་ཀྲམ་༣༥,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༢༥,༠༠༠ དེ་ལས་ ཨང་༣ པ་ ལུ་ དངུལ་ཀྲམ་༡༥,༠༠༠ བྱིན་ནི་ཨིན་པས།
ཉིནམ་ཅིག་ནང་ དོ་སྦྱེལ་མཐོ་ཤོས་ཕོག་མི་ལུ་ དངུལ་ཀྲམ་༢,༥༠༠ དང་ བཀག་རེག་མཐོ་ཤོས་ཕོག་མི་དང་ མཐའ་བཅད་རྩེད་འགྲན་ནང་ལས་ དྲག་ཤོས་འཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༥,༠༠༠ རེ་ བྱིན་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment