གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་ཁུངས་ཁག་གི་བར་ན་ ཕུཊ་བཱོལ་འགྲན་བསྡུར་འབད་དོ་ཡོདཔ།

༡/༣/༢༠༡༣   ༉ ཁ་ཙ་ སོ་ནམ་ལས་ཁུངས་དང་ འབྲུག་གློག་མེ་ལས་འཛིན་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབདཝ་ད་ སོ་ནམ་ལས་ཁུངས་ཀྱིས་ གཱོལ་༥ བཙུགས་ཏེ་ ཕམ་བཏང་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ བཙུགས་ནུག།
སོ་ནམ་ལས་ཁུངས་དང་ གློག་མེ་ལས་ཁུངས་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༠ ནང་ སོ་ནམ་ལས་ཁུངས་ལས་ རྩེད་འགྲན་པ་ ཀུན་ལེགས་རབ་རྒྱས་ཀྱིས་ གཱོལ་བཙུགས་པའི་ཤུལ་ལུ་ ད་རུང་ དུས་ཡུན་སྐར་མ་༡༤ ནང་ ཡོན་ཏན་ཕུན་ཚོགས་དང་ ཀུན་ལེགས་རབ་རྒྱས་ཀྱིས་ གཱོལ་རེ་རེ་བཙུགས་ཅི།
བར་མཚམས་ངལ་འཚོ་ལས་ འབྲུག་གློག་མེ་ལས་འཛིན་གྱིས་ དོ་འགྲན་འབད་དེ་ དུས་ཡུན་སྐར་མ་༦༢ ལངམ་ད་ གཱོལ་༡ བཙུགས་ཡོད་རུང་ སོ་ནམ་ལས་ཁུངས་ཀྱིས་ གཱོལ་༢ ཐེབས་བཙུགས་ཏེ་ བསྡོམས་ཀྱིས་ གཱོལ་༥ བཙུགས་ཏེ་ རྒྱལ་ཁ་ཐོབ་ནུག། 
མཐུན་ལམ་ལས་སྡེ་གིས་ འགོ་འདྲེན་ཐོག་ལས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ སྤྱི་ཟླ་༢ པའི་ཚེས་༢༣ ལས་ འགོ་བཙུགས་ཏེ་ ལས་ཁུངས་དང་ ལས་འཛིན་ དེ་ལས་ སྒེར་སྡེ་ཁག་ཚུ་གི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབད་ཡོདཔ་ཨིན་པས།
མཐུན་ལམ་ལས་སྡེའི་འགོ་འཛིན་པ་ སྐྱེས་ལོ་༢༦ ལང་མི་ དངོས་གྲུབ་དོན་དཀར་གྱིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་གོང་འཕེལ་གྱི་ གནས་ཚད་དང་བསྟུན་ རྒྱལ་ཁབ་ནང་ ཕུཊ་བཱོལ་རྩེ་ནི་ལུ་ སྤྲོ་བ་དང་ དང་འདོད་བསྐྱེད་མི་ ག་དེམ་ཅིག་ཡོདཔ་ཨིན་ན་ཤེས་རྟོགས་ འབྱུང་ཐབས་ལུ་ཨིན་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རེས་ཀྱི་ རྩེད་འགྲན་འགོ་འདྲེན་འཐབ་མིའི་ནང་ འབྲུག་རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་འབད་མི་དང་ སྡེ་ཚན་ཚུ་གིས་ དེ་ཁར་ འབྲེལ་གཏོགས་འབད་མི་ཆོགཔ་ཨིན་པས།
མཐུན་ལམ་རྩེད་འགྲན་ནང་ སྡེ་ཚན་༡༨ ཀྱིས་ བཅའ་མར་གཏོགས་ཡོདཔ་ད་ སྡེ་ཚན་རེ་ལས་ འཛུལ་འཐུས་དངུལ་ཀྲམ་༩,༥༠༠ རེ་ བསྡུ་ལེན་འབད་མི་ཚུ་ ཕུཊ་བཱོལ་རྩེད་འགྲན་དྲག་ཤོས་འཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་དངུལ་ཀྲམ་༡༠༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༥༠,༠༠༠ དེ་ལས་ ངོ་རྐྱང་དྲག་ཤོས་ལུ་ དངུལ་ཀྲམ་༡༠,༠༠༠ བྱིན་ནི་ཨིན་པས།
ནངས་པ་ ཉིན་མའི་ཆུ་ཚོད་༡༡ ལས་༣ ཚུན་ སྡེ་ཚན་༤ གི་བར་ན་ རྩེད་འགྲན་འབད་ནི་དང་ མཐའ་བཅད་རྩེད་འགྲན་དེ་ སྤྱི་ཟླ་༤ པའི་ཚེས་༢ ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment