གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་ལུ་ འཇིགས་སྐྲག་སྟོན་མི་༣ འཛིན་བཟུང་།

༡/༣/༢༠༡༣   ཕུན་ཚོགས་གླིང་གི་ ནང་འཁོད་ལུ་ ནུབ་མོའི་ཆུ་ཚོད་༡༡ འབྱིད་ཞིནམ་ལས་ ལམ་འགྲུལ་འབད་མི་ཚུ་ལུ་ དྲི་ཞིབ་འབད་ནི།
༉  སྤྱི་ཟླ་༢ པའི་ཚེས་༢༦ གི་ནུབ་མོར་ ཕུན་ཚོགས་གླིང་ཀར་བེར་ཊར་ལུ་སྡོད་མི་ ཕོ་སྐྱེས་ཅིག་ལུ་ གྱི་ཅུང་ཁུ་ཀུ་རི་གསལ་སྟོན་འབད་དེ་ འཇིགས་སྐྲག་སྟོན་མི་ དོགས་ཅན་ཕོ་སྐྱེས་༣ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ཨིན་པས།


དེ་ཡང་ སྒེར་སྡེ་ཅིག་ནང་ ལཱ་འབད་མི་ ཕོ་སྐྱེས་དེ་གིས་ མི་༣ ཁོ་སྡོད་སའི་ སྒྲིང་ཁྱིམ་གྱི་ སྦོ་ལོགས་ཁར་ བཤལ་འཁྱམས་སྡོད་སར་མཐོང་སྟེ་ ཁོང་ཆ་ཁྱབ་ག་ཅི་འབདཝ་སྨོ་ཟེར་ དྲི་བཀོད་འབདཝ་ད་ འཇིགས་སྐྲག་སྟོན་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་མི་ ཕོ་སྐྱེས་གསུམ་ཆ་ར་ སྐྱེས་ལོ་༢༠ ཉེར་གྲངས་ནང་ཨིནམ་ད་ ཁོང་༣ གྱི་གྲས་ལས་༢ སྒེར་སྡེ་ཅིག་ནང་ ལཱ་འབད་དོ་ཡོདཔ་ཨིན་རུང་ གཞན་དེ་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་དང་ ལཱ་གཡོག་མེད་མི་ཅིག་ཨིན་པས།
ཕུན་ཚོགས་གླིང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ དེ་ཚེ་ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ ངོ་མ་ཤེས་པའི་ ཕོ་སྐྱེས་༤ བཤལ་འཁྱམས་སྡོད་ནུག་ཟེར་ ཀར་བེར་ཊར་ལུ་ སྡོད་མི་ཅིག་ལས་ བརྒྱུད་འཕྲིན་ལྷོད་ཅི་ཟེར་ཨིནམ་ད་ ཁོང་གིས་ ཕོ་སྐྱེས་དེ་ལུ་ འཇིགས་སྐྲག་སྟོནམ་ད་ ཁོ་གིས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ བརྒྱུད་འཕྲིན་བཏང་མི་དེ་ཡང་ ཁོང་ཆ་ཁྱབ་ ཨར་རྐུན་དང་ ཡང་ཅིན་ སྣུམ་འཁོར་གཏོར་བཤིག་བཏང་པར་ འོང་ཡོདཔ་མས་ཟེར་བའི་ དོགས་པ་ཆགས་ནུག་ཟེར་ སླབ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ དེ་འཕྲོ་ལས་ ས་ཁོངས་ནང་ འགྱོ་བའི་སྐབས་ དོགས་པ་ཅན་༣ ལམ་ཁར་ཕྱདཔ་ལས་ ཁོང་གིས་ བྱོག་འགྱོ་ནི་གི་ དཔའ་བཅམ་ད་ འཛིན་བཟུང་འབད་ཡོདཔ་ད་ ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ཚུ་ལུ་ དྲི་བཀོད་འབད་རུང་ ས་ཁོངས་དེ་ནང་ མི་ཅིག་དང་ ཕྱད་པར་འོང་ཡི་ཟེར་སླབ་སྟེ་ ལན་ལེགས་ཤོམ་སྦེ་ སླབ་མ་བཏུབ་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་བའི་སྐབས་ དོགས་པ་ཅན་ཅིག་གིས་ ཁུ་ཀུ་རི་ཅིག་ འབག་སྟེ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཁོང་ཆ་ཁྱབ་ ས་གནས་དེ་ཁར་ ག་ཅི་སྦེ་ སོང་ཡོདཔ་ཨིན་ན་ ཧ་གོ་མ་ཚུགསཔ་ཨིན་རུང་ སྣུམ་འཁོར་གཏོར་བཤིག་གཏང་པར་ཨིན་ན་མིན་ན་ ང་བཅས་ཀྱིས་ ཞིབ་དཔྱད་འབད་ནི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ མི་ཚུ་ལུ་ ནུབ་མོར་ དོགས་པ་ཅན་ག་ཨིན་རུང་ ཁོང་རའི་ས་ཁོངས་ནང་ འཁྱམས་སྡོད་སར་ མཐོང་པ་ཅིན་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
ད་རེས་ནངས་པ་ ཁྲོམ་ཁ་ལུ་ སྣུམ་འཁོར་གྱི་ ཡན་ལག་ཚུ་ བཏོན་འབག་མིའི་ གྱངས་ཁ་ཡར་སེང་འགྱོ་མི་དང་བསྟུན་ ཁྲིམས་སྲུང་འགག་པ་གིས་ ནུབ་མོའི་ཆུ་ཚོད་༡༡ འབྱིད་ཞིནམ་ལས་ ཕུན་ཚོགས་གླིང་གི་ ས་ཁོངས་ཚུ་ནང་ མི་ཚུ་གི་ རྒྱུན་འགྲུལ་ལུ་ ལྟ་རྟོག་དམ་དམ་འབད་དོ་ཟེར་ཨིན་པས།
དེ་ཡང་ དུས་ཅི་ སྤྱི་ཟླ་༢ པའི་ནང་ ཕུན་ཚོགས་གླིང་དྲུང་ཁག་གིས་ སྲུང་སྐྱོབ་གནད་དོན་དང་ ཨར་རྐུན་ལ་སོགས་པའི་ ཁྲིམས་འགལ་གྱི་ བྱ་ངན་ཡར་འཕར་འགྱོ་མི་ཚུ་ བཀག་ཐབས་ལུ་ ནུབ་མོའི་ཆུ་ཚོད་༡༡ ལས་ མི་ཚུ་ཕར་ཚུར་འགྱོ་ནི་ བཤོལ་བཞག་དགོ་པའི་ གསལ་བསྒྲགས་འབད་མི་དང་བསྟུན་ཨིན་པས།
ཁྲིམས་སྲུང་འགག་པའི་ གནས་ཐོ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༡ ལུ་ སྣུམ་འཁོར་གྱི་ ཡན་ལག་ཅ་ཆས་བཤུབ་འབག་མི་༣༡ དང་ སྤྱི་ལོ་༢༠༡༢ ལུ་༣༥ ཐོན་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༡ ལུ་ ཨར་རྐུན་༡༡ དང་ སྤྱི་ལོ་༢༠༡༢ ལུ་ ཨར་རྐུན་གྱི་ རྩོད་དོན་༦ ཐོན་ཡོད་པའི་གནས་ཚུལ།

No comments:

Post a Comment