གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུ་ལུ་ འགོ་དང་པ་ བཱསི་ཀེཌ་བཱོལ་ལིག་འགྲན་བསྡུར་ འགོ་འདྲེན་འཐབ་ནི།

༡༢/༣/༢༠༡༣  ༉ འབྲུག་བཱསི་ཀེཌ་བཱོལ་ཚོགས་སྡེ་གིས་ སྤྱི་ཟླ་༣ པའི་ཚེས་༡༥ ལས་འགོ་བཙུགས་ སྡེ་ཚན་༡༤ འབད་མི་ ཕོ་སྐྱེས་དང་ ཨམ་སྲུ་སྡེ་ཚན་ཚུ་གི་ བར་ན་ ཐིམ་ཕུ་ལིག་ རྩེད་འགྲན་འགོ་དང་པ་ འགོ་འདྲེན་འཐབ་ནི་ཨིན་པས།


འགོ་ཐོག་དང་པའི་ བཱསི་ཀེཌ་ལིག་འགྲན་བསྡུར་དེ་ཡང་ རྒྱལ་སྤྱི་བཱསི་ཀེཌ་ཚོགས་པའི་ ཁྲིམས་ལུགས་དང་འཁྲིལ་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ འབྲུག་བཱསི་ཀེཌ་བཱོལ་ཚོགས་སྡེའི་འགོ་དཔོན་དང་ བཅའ་མར་གཏོགས་མི་ སྡེ་ཚན་གྱི་འཛིན་སྐྱོང་པ་ དེ་ལས་ འགོ་ཁྲིདཔ་ཚུ་གི་ བར་ན་ གྲོས་འཆམས་འབད་ཡོདཔ་ཨིན་པས།
ལམ་ལུགས་དང་འཁྲིལ་ ད་རིས་ཀྱི་ ལིག་རྩེད་འགྲན་དེ་ཡང་ རྩེད་འགྲན་ས་སྒོ་གཅིག་ནང་མེན་པར་ རྩེད་འགྲན་ས་སྒོ་ གཞན་མིའི་ནང་ཡང་ འགོ་འདྲེན་འཐབ་ནི་ཨིནམ་ད་དཔེར་ན་ འགོ་ཐོག་གི་ རྩེད་འགྲན་དེ་ རང་གི་རྩེད་འགྲན་ཁང་ནང་ འགོ་འདྲེན་འཐབ་སྟེ་ཡོད་པ་ཅིན་ ཤུལ་མའི་རྩེད་འགྲན་དེ་ བྱང་ཕྱད་ཀྱི་ རྩེད་འགྲན་ཁང་ནང་སྦེ་ འགོ་འདྲེན་འཐབ་ནི་ཟེར་ འབྲུག་བཱསི་ཀེཌ་བཱོལ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ མཚོ་སྐྱེས་རྡོ་གིས་ སླབ་ཨིན་པས།
དེ་བཟུམ་སྦེ་ སྡེ་ཚན་༡༤ ལས་ རྩེད་འགྲན་དྲག་ཤོས་འཐོན་མི་ སྡེ་ཚན་༦ དེ་ སྡེ་ཚན་ཀ་པའི་ནང་ བཙག་འཐུ་བསྒྲུབ་ནི་དང་ སྡེ་ཚན་གཞན་མི་ ཁ་པའི་ནང་ ཐོ་བཀོད་འབད་ནི་ཨིནམ་ད་ དེ་ཡང་ རྩེད་འགྲན་ཚུ་གི་བར་ན་ རྩེད་འགྲན་འབདཝ་ད་ རྒྱལ་ཁ་འཐོབ་མི་སྡེ་ཚན་ལུ་ སྐུགས་༢ དང་ ཕམ་མི་སྡེ་ཚན་ལུ་སྐུགས་༡ དེ་ལས་ རྩེད་འགྲན་འབད་ནིའི་དོན་ལུ་ དུས་ཚོད་ཁར་ ལྷོད་མ་ཚུགས་པ་ཅིན་ སྐུགས་མེདཔ་སྦེ་ བཞག་ནི་ཨིན་པས།
ཐོ་བཀོད་འབད་མི་ཚུ་ལས་ འགོ་ཁྲིདཔ་ཚུ་བཏོན་ཞིནམ་ལས་ བཱསི་ཀེཌ་བཱོལ་ཚོགས་པ་ བཟོ་ནི་ཨིནམ་ད་ ཚོགས་པ་དེ་གིས་ ཐོ་བཀོད་འབད་མི་སྡེ་ཚན་ཚུ་གིས་ ལམ་ལུགས་དང་འཁྲིལ་ རྩེད་འགྲན་འབད་མི་ དྲག་ཤོས་བཏོན་ནི་དང་ གལ་སྲིད་ ལམ་ལུགས་དང་འགལ་སོ་པ་ཅིན་ ཟླཝ་༣ ཡན་ཆད་ ཉེས་བྱ་ཚུ་ ཕོག་ནི་ཨིན་པས།
དེ་ཡང་ ཚར་གཅིག་ ཐོ་བཀོད་འབད་མི་སྡེ་ཚན་ནང་ རྩེད་འགྲན་པ་༡༢ དང་ རྩེད་འགྲན་པ་ཐེབས་༣ དགོ་པའི་ཁར་ སློབ་སྟོན་འབད་མི་དང་ སྦྱོང་བརྡར་བྱིན་མི་ དེ་ལས་ དྲང་དཔོན་འབད་མི་ཚུ་ དགོཔ་ཡོདཔ་མ་ཚད་ རྩེད་འགྲན་འབད་མི་ཚུ་གིས་ ཆང་དང་སྨྱོ་རྫས་ དེ་ལས་ ཏམ་ཁུ་ཚུ་ སྤྱོད་ཡོད་པ་ཅིན་ ཟླཝ་༣ རྩེད་འགྲན་འབད་མ་ཆོག་པའི་ཁར་ ལོ་༡ ཡང་ རྩེད་འགྲན་ནང་ བཅའ་མར་གཏོགས་མ་ཆོགཔ་སྦེ་ བཞག་ནི་ཨིན་པས།
དྲག་ཤོས་འཐོན་མི་སྡེ་ཚན་༦ གིས་ ན་གཞོན་གོང་འཕེལ་མ་དངུལ་རྩེད་འགྲན་དྲག་ཤོས་ནང་ རྩེད་འགྲན་འབད་ནི་ཨིནམ་བཞིན་དུ་ ལོ་བསྟར་བཞིན་དུ་འགོ་འདྲེན་འཐབ་མི་ ལྷོ་ཨེ་ཤེ་ཡཱན་བཱསི་ཀེཌ་བཱོལ་རྩེད་འགྲན་ དེ་ལས་ སཱག་རྒྱལ་ཁབ་ཚུ་དང་གཅིག་ཁར་ རྩེད་འགྲན་ནིའི་ གོ་སྐབས་ འཐོབ་ནི་ཨིན་པས།
སྡེ་ཚན་གྱིས་ འབྲུག་བཱསི་ཀེཌ་བཱོལ་ཚོགས་སྡེ་ནང་ འཛུལ་འཐུས་དངུལ་ཀྲམ་༢༠༠༠ སྤྲོད་དགོ་པའི་ཁར་ རྩེད་འགྲན་འབད་མི་ རེ་རེ་གིས་ དངུལ་ཀྲམ་༢༠༠ རེ་སྤྲོད་དགོཔ་ཨིན་པས།
དེ་བཟུམ་སྦེ་ རྩེད་འགྲན་གཞན་མི་ དཔྱེ་འབད་བ་ཅིན་ གནམ་བྱ་གི་ རྩེད་འགྲན་དྲག་ཤོས་དང་ གསེར་ཁྲི་མངའ་གསོལ་གྱི་ རྩེད་འགྲན་ཚུ་ འགོ་འདྲེན་འཐབ་པའི་སྐབས་ སྡེ་ཚན་མ་བཟོ་མི་ཚུ་ ན་གཞོན་སྤྲོ་བ་ཡོད་མི་ཚུ་ལུ་ གོ་སྐབས་སྤྲོད་ནི་ཟེར་ ཨིན་པས།
འབྲུག་བཱསི་ཀེཌ་ཚོགས་སྡེའི་ཁྲི་འཛིན་ བསྟན་འཛིན་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ ན་གཞོན་དང་ སྤྲོ་བ་ཡོད་མི་ འབྲུག་མི་ཚུ་གིས་ དོན་ལུ་ རྩེད་འགྲན་དྲག་ཤོས་ཀྱི་དོན་ལུ་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་ནི་དེ་ ཚོགས་པའི་དམིགས་ཡུལ་དང་ འཆར་གཞི་ཨིན་རུང་ ཚོགས་སྡེ་ལུ་ བཱསི་ཀེཌ་བཱོལ་རྩེད་ཐང་མེདཔ་ལས་ དཀའ་ངལ་བྱུངམ་མས་ཟེར་ ཨིན་པས།
ད་རིས་ རྒྱལ་ཡོངས་བཱསི་ཀེཌ་བཱོལ་རྩེད་འགྲན་འབད་མི་ཚུ་ ཧེ་མ་ ཚོགས་སྡེ་གིས་ བཙག་འཐུ་འབད་མི་ཨིནམ་ད་ ད་རེས་ནངས་པར་ ཐིམ་ཕུ་ནང་འཁོད་རང་ ཕཱསི་ཀེཌ་བཱོལ་རྩེད་འགྲན་འབད་མི་ ན་གཞོན་ལས་འགོ་བཙུགས་ བཅའ་མར་གཏོགས་མི་ལེ་ཤ་ཡོདཔ་ལས་ རྩེད་འགྲན་ལེགས་ཤོམ་ཚུ་ གདམ་འཐུ་འབད་དེ་ རྒྱལ་ཡོངས་རྩེད་འགྲན་བཟོ་ནི་ལུ་ ཕན་ཐོགས་ཚུགས་པས་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment