གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་རྫོང་ཁག་ནང་ འདེམས་ངོ་ཉུང་སུ་ཅིག་ལས་བརྒལ་མེདཔ།

༡༢/༣/༢༠༡༣   ༉ དུས་ཅི་ རྒྱལ་ཁབ་ཀྱི་ བཙག་འཐུ་ཐེངས་༢ པའི་ནང་ མགར་ས་རྫོང་ཁག་གི་ མི་སེར་ཚུ་གི་དོན་ལུ་ སྲིད་དོན་ཚོགས་པའི་  འདེམས་ངོ་གདམ་འཐུ་འབད་ནིའི་ གོ་སྐབས་ཉུང་སུ་ཅིག་ལས་བརྒལ་མི་འོང་ནི་ཨིན་པས།
མགར་ས་རྫོང་།


རྫོང་ཁག་གི་ རྒེད་འོག་༤ ཡོད་མི་དེ་ནང་ ད་ཚུན་གྱི་བར་ མཐོ་རིམ་ཤེས་ཚད་ཡོད་མི་༣༤ དེ་ཅིག་ལས་བརྒལ་ མེད་མི་དེ་ཡང་ ཁ་སྨད་རྒེད་འོག་ནང་ མཐོ་རིམ་ཤེས་ཚད་ལྡན་མི་༡༨ དང་ ཁ་སྟོད་ལས་༡༡ ལ་ཡ་ལུ་༣ དེ་ལས་ ལུང་ནག་ན་རྒེད་འོག་ནང་༡ ཡོདཔ་ད་ དེ་གི་གྲས་ཁར་ ལྡོག་ཕྱོགས་ཚོགས་པའི་འཐུས་མི་ དམ་ཆོས་རྡོ་རྗེ་དང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ སངས་རྒྱས་མཁའ་འགྲོ་༢ རྩིས་ཏེ་ཨིན་པས།
མཐོ་རིམ་ཤེས་ཚད་ཡོད་མི་ འདེམས་ཁོངས་གཉིས་ནང་ བགོ་བཀྲམ་འབད་བ་ཅིན་ ལ་ཡ་དང་ ཁ་སྟོད་འདེམས་ཁོངས་ཀྱི་དོན་ལུ་ མཐོ་རིམ་ཤེས་ཚད་ཡོད་མི་༡༤ དང་ ལུང་ནག་ན་དང་ ཁ་སྨད་འདེམས་ཁོངས་ནང་༡༩ ལས་བརྒལ་ མེད་མི་ལུ་བརྟེན་ དམངས་གཙོའི་རིང་ལུགས་ནང་ འཐུས་མི་ལྕོགས་གྲུབ་ཅན་ གདམ་འཐུ་འབད་ནི་གི་ གོ་སྐབས་དཀོན་ནི་མས་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།
ད་ཚུན་གྱི་བར་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་མི་ སྲིད་དོན་ཚོགས་པ་༥ གི་དོན་ལུ་ འདེམས་ཁོངས་རེ་ལས་ འདེམས་ངོ་༥ དགོ་ནི་ཨིན་རུང་ མཐོ་རིམ་ཤེས་ཚད་ཡོད་མི་ག་ར་གིས་ སྲིད་དོན་ནང་ བཅའ་མར་གཏོགས་ནིའི་ དང་འདོད་ མི་བསྐྱེད་དོ་ཡོདཔ་ད་ ད་ཚུན་གྱི་བར་ན་ སྲིད་དོན་ནང་ བཅའ་མར་གཏོགས་ནི་སྦེ་ གསལ་བསྒྲགས་འབད་མི་ འདེམས་ངོ་༢ མ་གཏོགས་ མ་ཐོན་པས།
མཐོ་རིམ་ཤེས་ཚད་ཡོད་མིའི་ སྡེ་ཚན་ནང་ལས་ རྒྱལ་ཡོངས་ཚོགས་འདུའི་ནང་རྐྱངམ་གཅིག་མིན་པར་ རྒྱལ་ཡོངས་ཚོགས་སྡེའི་ནང་ཡང་ བཅའ་མར་གཏོགས་མི་དང་ དོ་འགྲན་འབད་མི་ འཐོན་དགོཔ་ཨིན་པས།
ལ་ཡ་རྒཔོ་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གི་རྒེད་འོག་ལས་ མཐོ་རིམ་ཤེས་ཚད་ཡོད་མི་༣ མ་གཏོགས་ མེདཔ་ལས་བཙག་འཐུའི་ནང་ དོ་འགྲན་ཅན་འོང་ནི་ཕར་བཞག་ འདེམས་ངོ་ཡང་ ལངམ་མེད་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
ལུང་ནག་ན་རྒེད་འོག་ནང་ གསང་བའི་ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་༤༣༨ ཡོད་རུང་ འདེམས་ངོ་སྦེ་ བཅའ་མར་གཏོགས་ཚུགས་ནི་གི་ འོས་འབབ་ཡོད་མི་ མཐོ་རིམ་ཤེས་ཚད་ལྡན་མི་༡ ལས་བརྒལ་ མེདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ཁོང་གི་ རྒེད་འོག་ལས་ མཐོ་རིམ་ཤེས་ཚད་ཡོད་མི་མེདཔ་ད་ འདེམས་ངོ་གདམ་འཐུ་འབད་ནི་གི་ གོ་སྐབས་ཧྲིལ་བུམ་ ཁ་སྨད་རྒེད་འོག་ནང་ འོང་ནི་ཨིནམ་ལས་ འདེམས་ངོ་ཚུ་ རྒེད་འོག་གཞན་ཁ་ལས་ བཙག་འཐུ་གྲུབ་པ་ཅིན་ དཀའ་ངལ་ཡང་ རྒེད་འོག་དེ་ནང་རྐྱངམ་གཅིག་ བལྟ་ནི་གི་ ཉེན་ཁ་ཡོདཔ་ལས་ གོ་སྐབས་འདྲ་མཉམ་མི་འོང་ནི་མས་ཟེར་ཨིན་པས།
གཡུས་ཁའི་གོ་ཤེས་ཉེན་ཤེས་ཚུ་གིས་འབད་བ་ཅིན་ འདེམས་ངོའི་དོན་ལུ་ ཤེས་ཡོན་གྱི་ཚད་གཞི་ ཉུང་ཤོས་ མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་དགོཔ་སྦེ་ བཟོ་མི་དེ་གིས་ མཐའ་ཟུར་གྱི་ རྒེད་འོག་ཚུ་ལུ་ ཐོ་ཕོག་ཉེན་འདུག་ཟེར་ཨིན་པས།
མགར་ས་རྫོང་ཁག་ནང་ ཤེས་ཡོན་ཅན་གྱི་ མི་གངམ་མེད་པའི་ཁར་ མི་རློབས་ཡང་༣,༠༠༠ དེ་ཅིག་ལས་བརྒལ་ མེད་མི་ནང་ལས་ ཁྱད་ཚད་ལྡན་པའི་ གསང་བའི་ཚོགས་རྒྱན་ནང་ བཅའ་མར་གཏོགས་ཚུགས་མི་༡,༨༠༠ དེ་ཅིག་མ་གཏོགས་ མེདཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment