གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོ་བའི་ལྷན་ཁག་གིས་ གཱོལ་༧ བཙུགས་ཏེ་ རྒྱལ་ཁ་ཐོབ་ཡོདཔ།

༡༤/༣/༢༠༡༣   ༉ ཁ་ཙ་ གསོ་བའི་ལྷན་ཁག་དང་ ལས་གཡོག་དང་ མི་སྟོབས་ལྷན་ཁག་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་འབདཝ་ད་ གསོ་བའི་ལྷན་ཁག་གིས་ གཱོལ་༧ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།


དེ་ཡང་ ཐིམ་ཕུ་ལྕང་གླིང་མི་ཐང་ནང་སྦེ་ སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༢༨ ལུ་ གསོ་བའི་ལྷན་ཁག་གི་ རྩེད་འགྲན་པ་ཅིག་གིས་ གཱོལ་དང་པ་བཙུགས་པའི་ཁར་ དུས་ཡུན་སྐར་མ་༣༤ ལུ་ གཱོལ་༢ པ་བཙུགས་ཡོདཔ་མ་ཚད་ སྐར་མ་༣༩ ལུ་ གཱོལ་༣ པམ་དེ་བཙུགས་ཅི།
བར་མཚམས་ལས་ལོག་རྩེད་འགྲན་འབདཝ་ད་ ལས་གཡོག་ལྷན་ཁག་གི་ ཁ་ཐུག་ལས་ དོ་འགྲན་འབད་ཡོདཔ་ཨིན་རུང་ གཱོལ་བཙུགས་ནི་ལུ་ ཚགས་ཁ་མ་ཚུད་པའི་ཁར་ བྱང་ཕྱད་སྡེ་ཚན་གྱིས་ ད་རུང་ གཱོལ་༤ ཐེབས་བཙུགས་མི་དང་འབྲེལ་ བསྡོམས་ཀྱིས་ གཱོལ་༧ བཙུགས་ཏེ་ ཕམ་བཏང་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་ལས་ རྩེད་འགྲན་འབད་མི་ པདྨ་ནོར་བུ་གིས་ སླབ་མི་དང་འཁྲིལཝ་ད་ ཁོ་གི་སྡེ་ཚན་ནང་ རྩེད་འགྲན་པ་ཚུ་ ཧེ་མ་ལས་ ཉམས་མྱོང་དང་ རིག་རྩལ་ཡོད་མི་ཚུ་ཨིནམ་ལས་ རྩེད་འགྲན་འབད་ནི་ལུ་ དཀའ་ངལ་ག་ནི་ཡང་མེད་དེ་འབད་རུང་ བྱང་ཕྱད་སྡེ་ཚན་སྒྲིང་སྒྲིང་མེད་མི་ལུ་བརྟེན་ སྤྲོ་བ་མ་བྱུང་ཟེར་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་པའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ལཱ་གཡོག་ལྷན་ཁག་གི་སྡེ་ཚན་ནང་ རྩེད་འགྲན་འབད་མི་༡༡ མ་གཏོགས་ མེད་ནི་དེ་གིས་ འུ་སྡུག་ཐང་ཆད་པའི་སྐབས་ བརྗེ་སོར་གྱི་དོན་ལུ་ རྩེད་འགྲན་པ་ཚབ་བཙུགས་ནི་མེད་མི་ལུ་བརྟེན་ ཕམ་སོ་ཡི་ཟེར་ཨིན་པས།
གསོ་བའི་ལྷན་ཁག་གི་ སྡེ་ཚན་གྱིས་ རྩེད་འགྲན་ཁག་༢ ལས་རྒྱལ་ཁ་ཐོབ་ཡོད་རུང་ བྱང་ཕྱད་སྡེ་ཚན་དེ་ སྡེ་ཚན་གཞན་མི་༢ ཆ་ར་ལས་ ཕམ་ཡོདཔ་ལས་ གདམ་འཐུའི་གྲངས་སུ་ ཚུད་ནི་ལུ་  དཀའ་ངལ་འོང་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment