གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླིང་འཛིན་འགོ་དཔོན་ཅིག་ ཤི་ཡོདཔ་སྦེ་མཐོང་ནུག།

༡༤/༣/༢༠༡༣   ༉ ཁ་ཙ་ སྐྱེས་ལོ་༤༩ ལང་མི་ གླིང་འཛིན་འགོ་དཔོན་ཅིག་ ཆུ་ཁ་རྫོང་ཁག་ རྩི་མ་གཤམ་ལུ་ ཁོ་ར་སྡོད་སའི་ ཁྱིམ་གྱི་འོག་ལུ་ ཤི་ཡོདཔ་སྦེ་ མཐོང་ནུག།
རྩི་མ་གཤམ་གྱི་ ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྐྱེན་ངན་དེ་གི་སྐོར་ལས་ ཁ་ཙ་ དྲོ་པའི་ཆུ་ཚོད་༨ དེ་ཅིག་ཁར་ སྙན་ཞུ་ཐོབ་སྟེ་ ས་ཁོངས་ནང་འགྱོ་ལྟཝ་ད་ ས་གནས་ཀྱི་ དཱན་ཊག་ལས་འགུལ་ནང་ ལཱ་འབད་མི་ཅིག་གིས་ ཤི་ཡོདཔ་སྦེ་ མཐོང་ནུག་ཟེར་ཨིན་པས།



ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གསོ་བའི་སྙན་ཞུ་དང་འཁྲིལཝ་ད་ དགེ་གླིང་རྒེད་འོག་གི་ གླིང་འཛིན་འགོ་དཔོན་ཨིན་མི་ ཚེ་འདས་ཕོ་སྐྱེས་དེ་ ཆང་འཐུང་མི་ཅིག་འབད་ནི་དེ་གིས་ རྦོལ་རིལ་ཏེ་ ཤི་སོཔ་འོང་ནི་མས་ཟེར་ཨིནམ་ད་ ཚེ་འདས་ཀྱི་ཕུངམ་གུ་ རྨ་སྐྱོན་ཚུ་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཚེ་འདས་ཀྱི་ བཟའ་ཚང་ཚུ་གིས་ཡང་ ཚེ་འདས་ཁོ་ར་ ཆང་འཐུང་སྡོད་མི་ཅིག་ཨིནམ་ལས་ ག་ལུ་ཡང་ བྱ་ངན་འབད་བའི་ དོགས་པ་མིན་འདུག་ཟེར་ཨིནམ་ད་ འགྲུལ་འཕྲིན་དང་ཁོ་རའི་ དངུལ་ཁུག་ཚུ་ཡང་ ཕུངམ་དང་གཅིག་ཁར་ འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ ཚེ་འདས་ཕོ་སྐྱེས་དེ་ ཧེ་མ་ཡང་ ནུབ་མོ་ ཆང་འགྲངས་ཏེ་ སྤང་ནང་ཉལ་སྡོད་པའི་ ལོ་རྒྱུས་འདུག་ཟེར་ཨིནམ་ད་ ཁྱིམ་ཚང་ཚུ་གིས་ཡང་ དེ་སྦེ་ར་ སླབ་དོ་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་བའི་ཕྱི་རུ་ ཚེ་འདས་ཀྱི་ཨམ་སྲུ་གིས་ སླབ་མིའི་ནང་ ནུབ་མོའི་ཆུ་ཚོད་༡༢ ལང་རུང་ རྨགཔ་དེ་ ཁྱིམ་ནང་འོང་ནི་མེདཔ་ལས་ འགྲུལ་འཕྲིན་བཏང་རུང་ སྦྲེལ་མཐུད་འབད་མ་ཚུགས་པའི་ཁར་ ཧེ་མ་ཡང་ དེ་བཟུམ་སྦེ་ སྡོད་ནི་དེ་གིས་ སྣང་དག་མེད་པར་སྡོད་ཅི་ཟེར་བཤདཔ་ཨིན་པས།
ཚེ་འདས་ཀྱི་མགུ་ཏོ་གུ་ རྨ་སྐྱོན་ཆུང་ཀུ་ཅིག་ བཏོན་མི་དེ་ཡང་ ཁོ་ར་ རྦོབ་རིལཝ་ད་ རྡོ་གུ་ཕོག་ཕོགཔ་འོང་ནི་མས་ཟེར་ཨིན་པས།
ཚེ་འདས་ཁོ་ར་ ས་གནས་ཀྱི་ མི་ཚུ་དང་གཅིག་ཁར་ འཆམ་སྡོད་མི་ཅིག་ཨིནམ་བཞིན་དུ་ ཕུངམ་དེ་ བཟའ་ཚང་ལུ་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
ཚེ་འདས་ལུ་ མི་ངན་ཚུ་གིས་ གནོདཔ་བཀལ་བའི་དོགས་པ་མེད་རུང་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་ཚུ་ འཕྲོ་མཐུད་དེ་ར་ འབད་འོང་ཟེར་ བཤད་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment