གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་གིས་ རྒྱབ་སྐྱོར་འབད་བའི་ དགའ་ཚོར་ལུ་ ཕྱག་ཞུ་ནི་གི་རེ་འདོད།

༦/༣/༢༠༡༣   ༉ དབང་འདུས་ཕོ་བྲང་རྫོང་ཁག་ནང་ལས་ སྤྱི་ལོ་༢༠༡༣ གྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་དོན་ལུ་ ད་ཚུན་གྱི་བར་ན་ དང་འདོད་ཅན་གྱི་ འདེམས་ངོ་༢ ཐོན་ཡོད་མིའི་གྲས་ལས་ སྐྱེས་ལོ་༣༢ ལང་མི་ ཀུན་ལེགས་དབང་ཕྱུག་གིས་ དགའ་སེང་ཚོ་གོངམ་རྒེད་འོག་ལས་ དོ་འགྲན་འབད་ནི་གི་ མནོ་བསམ་ཡོད་ལུགས་ བཤདཔ་ཨིན་པས།
ཀུན་ལེགས་དབང་ཕྱུག།


དེ་ཡང་ རྒྱང་བསྒྲགས་རེ་ཌིའོ་ནང་ གསལ་བཤད་འབད་ནི་ལུ་ མཁས་མཆོག་ཅིག་ཨིནམ་ལས་ སྐུ་གཟུགས་རེ་ཌིའོ་ཉན་མི་ཚུ་གིས་ དགའ་སེངཔ་ཀུན་ལེགས་དབང་ཕྱུག་ཟེར་སླབ་མི་ ཀུན་ལེགས་དབང་ཕྱུག་དེ་ ཁོ་རའི་ མཁལ་རྡོག་མེདཔ་ཐལ་མི་ལུ་བརྟེན་ ཁོ་རའི་སྲིངམོ་གི་ མཁལ་རྡོག་ཚབ་བཙུགས་ཡོདཔ་ལས་ ད་ལྟོ་ རྒྱ་གར་བེ་ལོར་ལུ་ སྨན་བཅོས་འབད་བའི་བསྒང་ཡོདཔ་བཞིན་དུ་ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ རྒྱལ་ཁབ་ནང་ ལོག་ལྷོད་ནི་གི་ རེ་བ་བསྐྱེདཔ་ཨིན་པས།
ན་ཧིང་ གཞུང་གིས་ ཀུན་ལེགས་དབང་ཕྱུག་ལུ་ མཁལ་རྡོག་ཚབ་བཙུགས་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢.༥ ཟད་འགྲོ་བཏང་སྟེ་ བེ་ལོར་སྨན་ཁང་ནང་ བཏང་ཡོདཔ་ཨིན་པས།
ད་རིས་འབདཝ་ད་ ཀུན་ལེགས་དབང་ཕྱུག་དེ་ ཨ་རྟག་གི་ མི་ཚེའི་གནས་སྟངས་ནང་ ལྷོད་ཡོདཔ་ལས་ གཞུང་ལུ་ བཀྲིན་བསམ་ནི་གི་ དུས་ཚོད་ཨིནམ་སྦེ་ བསམ་འཆར་བཀོདཔ་ཨིན་པས།
དེ་འབདཝ་ལས་ འཕྲལ་ར་འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ དོ་འགྲན་འབད་ཐོག་ལས་ བསྐྱར་ཞིབ་ཚོགས་ཁང་ནང་ ཁོ་ར་གིས་ ཤེས་ཤེསཔ་མཐོང་མཐོངམ་ཚུ་ ཉམ་ཆུང་གི་སྒོ་ལས་ ཕྱག་ཞུ་སྟེ་ ཁྱད་པར་བཟོ་ནི་ལུ་ ལྷན་ཐབས་འབད་ནི་ཟེར་ ཐའི་ལེནཌ་རང་སིཊི་གཙུག་ལག་སློབ་སྡེ་ལས་ ཕྱི་འབྲེལ་དོན་གཅོདཔ་དང་ རྒྱལ་སྤྱི་སློབ་སྦྱོང་ནང་ མཐོ་རིམ་གོང་མའི་ ཤེས་ཚད་མཐར་འཁྱོལ་བའི་ཁར་ བརྡ་བརྒྱུད་ནང་ ལཱ་འབད་བའི་ ལོ་ངོ་༧ གྱི་ ཉམས་མྱོང་ཡོད་མི་ ཀུན་ལེགས་དབང་ཕྱུག་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་གི་རྩོམ་རིག་ཞིབ་འཚོལ་འབད་བའི་སྐབས་ལུ་ ཁོ་གིས་ ཀྲོང་གསར་རྫོང་ཁག་གི་ རྒེད་འོག་༡༥ ཆ་མཉམ་ནང་ ལྟ་སྐོར་འབད་ཡོདཔ་ལས་ མི་སེར་གྱི་གནད་དོན་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ར་ཤེས་ཟེར་ཨིན་པས།
ཀུན་ལེགས་དབང་ཕྱུག་གིས་ སྤྱི་ལོ་༢༠༡༢ ལུ་ རྒྱལ་ཡོངས་གློག་བརྙན་དུས་སྟོན་ནང་ སྲུང་དྲག་ཤོས་ཀྱི་ གསོལ་རས་དང་ སྤྱི་ལོ་༢༠༠༢ ལུ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་སྲུང་འབྲི་རྩོམ་འགྲན་བསྡུར་ནང་ལས་ གསོལ་རས་ཡང་ ཐོབ་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment