གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པིའི་དཀའ་ངལ་ གནས་སྐབས་ཅིག་གི་དོན་ལུ་རྐྱངམ་གཅིག་ཨིནམ།

༦/༣/༢༠༡༣   དེ་ཡང་ བློན་ཆེན་གྱིས་འབད་བ་ཅིན་ དཀའ་ངལ་ཚབས་ཆེན་མེནམ་ལས་ ཚ་གྱང་སྦོམ་ལང་དགོཔ་མེད་ཟེར་ཨིན་པས།
༉ སྤྱི་ཟླ་༣ པའི་ཚེས་༤ ལུ་ སྤྱི་ཚོགས་དང་པའི་མཐའན་མཇུག་གི་ ཚོགས་ཐེངས་༡༠ པའི་ནང་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ སྙན་ཞུ་ཕུལཝ་དང་འབྲེལ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་གནད་དོན་འདི་ ད་ལྟོ་ གནས་སྐབས་ཅིག་གི་དོན་ལུ་རྐྱངམ་གཅིག་ཨིན་པའི་ཁར་ དཀའ་ངལ་སེལ་ནིའི་དོན་ལུ་ ཐབས་ལམ་སྣ་ཚོགས་ཀྱི་སྒོ་ལས་ ག་དེ་དྲག་དྲག་ རྩ་འགེངས་ཏེ་ ཕྱག་ཞུ་སྟེ་ཡོད་ཟེར་ཞུ་ཡི།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རུ་པི་མ་ལང་པའི་གནད་དོན་སྐོར་ལས་ སྙན་ཞུ་ཕུལ་བའི་བསྒང་།


དེ་མ་ཚད་ དཀའ་ངལ་འདི་ འཚུབས་ཆེན་ཅིག་མེནམ་ལས་ མི་ཚུ་གི་སེམས་ལུ་ ཚ་གྱང་སྦོམ་ལང་དགོཔ་མེད་མི་དེ་ཡང་ ཕྱི་དངུལ་ཟུར་གསོག་གི་ ཚད་གཞི་དེ་ ཡར་འཕར་སྦོམ་སྦེ་ར་སོང་སྟེ་ ཡུ་ཨེསི་ཌོ་ལར་ས་ཡ་༨༦༦ གུ་ ལྷོད་དེ་ཡོད་མི་འདི་ རུ་པིའི་བསྐྱིན་དངུལ་ ཨོ་བཱར་ཌཱཕཊི་ལས་མངམ་སྦེ་ཡོད་ཟེར་ བློན་ཆེན་མཆོག་གིས་ ཞུ་ཡི།
གལ་སྲིད་ རུ་པིའི་ཟུར་གསོག་ ཡུ་ཨེསི་ཌོ་ལར་ས་ཡ་༦༤ གི་རྩིས་ མར་ཕབ་སོང་སྟེ་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་ཏེ་ར་འབད་རུང་ འབྲུག་གི་སྤྱིར་བཏང་གི་ ཕྱི་དངུལ་ཟུར་གསོག་འདི་ འབོར་ཆེ་ཏོག་ཏོ་སྦེ་ ཡར་སེང་སོང་སྟེ་ཡོད་ཟེར་ བློན་ཆེན་གྱིས་ཞུ་ཡི།
ང་བཅས་ཀྱིས་ ཤེས་དགོཔ་ཁག་ཆེ་ཤོས་ར་ འབྲུག་རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ གནད་དོན་ག་དེ་སྦེ་ཐོན་ཏེ་འབད་རུང་ དངུལ་སྤྲོད་ཀྱི་ སྤྱིར་བཏང་ལྷག་ལུས་ཚུ་ལུ་ འཕྲོ་མཐུད་དེ་ར་ སྤྱོད་ནི་གི་ གོ་སྐབས་ཐོབ་སྟེ་ཡོདཔ་མ་ཚད་ ཕྱི་དངུལ་ནང་ན་འོང་མི་དེ་ ཕྱི་ཁ་བཏང་མི་ལས་ ལེ་ཤ་གིས་མང་བའི་ རྟགས་མཚན་སྟོནམ་ཨིན་ཟེར་ བློན་ཆེན་གྱིས་ ཞུ་བའི་ཁར་ གལ་སྲིད་ དགོས་མཁོ་ར་ འཐོན་པ་ཅིན་ བསྐྱིན་དངུལ་ཆ་མཉམ་བཏབ་ཚུགས་པའི་ ཟུར་གསོག་ལངམ་སྦེ་ཡོད་ཟེར་ཞུ་ཡི།
བློན་ཆེན་གྱིས་ ཞུ་མིའི་ནང་ འབྲུག་གི་བཟོ་གྲྭ་དང་ གློག་མེ་ལས་འགུལ་ཚུ་ག་ར་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་ནི་གི་དོན་ལུ་ཨིནམ་ལས་ དུས་འབྲིང་གི་དོན་ལུ་ རུ་པིའི་འོང་འབབ་དེ་ རྒྱལ་ཁབ་ལུ་དགོ་པའི་ ཚད་གཞི་ལས་ལྷག་སྟེ་ འཐོབ་ནི་ཨིནམ་ལས་ ཧེ་མ་དང་ ད་ལྟོའི་རུ་པི་གི་ བསྐྱིན་དངུལ་ཚུ་ འཇམ་ཏོང་ཏོ་སྦེ་ བཏབ་ཚུགས་ཟེར་ཨིན་པས།
རྒྱལ་ཁབ་ནང་ རུ་པི་མ་ལང་མིའི་ རྒྱུ་རྐྱེན་ཅིག་ ཕྱིའི་རྒྱལ་ཁབ་ཚུ་ལས་ རོགས་རམ་གང་མང་ལེན་མི་ལུ་བརྟེན་ཨིནམ་ད་ དེ་ཡང་ ཕྱི་དངུལ་ཚུ་ ཟུར་གསོག་ནང་བཙུགས་ཞིནམ་ལས་ ལས་འགུལ་དང་ ལས་རིམ་ཚུ་གི་དོན་ལུ་ ནང་འདྲེན་འབད་དགོཔ་ ཐོན་མི་ཚུ་ རུ་པི་ལག་ལེན་འཐབ་མི་ལུ་བརྟེན་ཏེ་ཨིན་ཟེར་ བློན་ཆེན་གྱིས་ སྤྱི་ཚོགས་ནང་ གནས་ཚུལ་དང་འདྲཝ་སྦེ་ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ དུས་རིང་གི་དོན་ལུ་ རུ་པི་མ་ལང་པའི་ དཀའ་ངལ་དེ་ འབྲུག་གི་ཕྱིར་ཚོང་ཡར་སེང་བཏང་པ་ཅིན་རྐྱངམ་གཅིག་ མར་ཕབ་འབད་ཚུགས་ཟེར་ཨིནམ་ད་ དེ་གི་དོན་ལུ་ གཞུང་གི་ཁ་ཐུག་ལས་ བཟོ་གྲྭ་དང་ ལྟ་བཤལ་ བརྡ་དོན་འཕྲུལ་རིག་ཚུ་དང་ རྒྱལ་ཁབ་ནང་ ཕྱིའི་ཐད་ཀར་མ་རྩ་གཞི་བཙུགས་འབད་མི་ཚུ་ལུ་ སེམས་ཤུགས་བསྐྱེད་བཅུག་སྟེ་ ཚོང་ལམ་བཏོན་ནིའི་དོན་ལུ་ ཁེ་འཐུས་ཚུ་ སྤྲོད་ཐོག་ལས་ དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་ དཔལ་འབྱོར་གོང་འཕེལ་སྲིད་བྱུས་ལག་ལེན་འཐབ་ནི་ འགོ་བཙུགས་ཅི་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment