གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གི་བསམ་འཆར།

༦/༣/༢༠༡༣   ཕུན་ཚོགས་གླིང་ལུ་ སྡོད་ཁྱིམ་མ་ཐོབ་པའི་དཀའ་ངལ་ བསལ་གནང་དགོཔ།
༉ འབྲུག་རྒྱལ་ཁབ་ནང་ ལོ་བསྟར་བཞིན་དུ་ མི་རློབས་གྱངས་ཁ་ ཡར་འཕར་འགྱོཝ་དང་བསྟུན་ རྒྱལ་ས་ཐིམ་ཕུ་གིས་གཙོས་པའི་ རྫོང་ཁག་ལེ་ཤ་ཅིག་ནང་ སྡོད་ཁྱིམ་མ་ལང་པའི་དཀའ་ངལ་དེ་ཡང་ ཚབས་ཆེན་ཅིག་སྦེ་ར་ བྱུངམ་མས་ཟེར་ཞུ་ནི།


དཔེ་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ གནས་སོར་ཕོག་མི་ ཞི་གཡོགཔ་ཉམ་ཆུང་ཚུ་ རང་སོའི་ཡིག་ཚང་གིས་ གནས་སོར་བཀའ་རྒྱ་མ་བཏོན་པའི་ཧེ་མ་ལས་ སེམས་ཁར་ཚ་གྱང་དང་ སྡུག་བསྔལ་སྦོམ་སྦེ་ར་ ལང་དགོཔ་བྱུང་མི་དེ་ཡང་ གཙོ་བོ་ར་ སྡོད་ཁྱིམ་ཐོབ་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ཏེ་ ཨིན་མས་ཟེར་ཞུ་ནི།
གོ་གནས་ཅན་གྱི་ ཞི་གཡོགཔ་ཚུ་གི་ཐད་ཁར་ གནས་སོར་ག་ཏེ་གཏང་རུང་ ཁོང་ལུ་ ཚ་གྱང་ལང་དགོཔ་མེད་མི་དེ་ཡང་ ཁང་གླ་མཐོ་དྲགས་འབད་མི་ སྡོད་ཁྱིམ་ཚུ་ནང་ སྡོད་ཚུགས་ནི་དེ་གིས་ ཨིན་མས་ཟེར་ཞུ་ནི།
ང་བཅས་ དངུལ་ཕོགས་ཉུང་སུ་ཅིག་ལས་ ལེན་ནི་མེད་པའི་ ཞི་གཡོགཔ་ཉམ་ཆུང་ཚུ་གིས་ སྡོད་ཁྱིམ་ཐོབ་མ་ཚུགས་མི་དེ་ཡང་ ཕུན་ཚོགས་གླིང་ལུ་ སྡོད་ཁྱིམ་ཚུ་ གངམ་མེད་པའི་ཁར་ གལ་སྲིད་ཡོད་དེ་འབད་རུང་ ཁང་གླ་མཐོ་དྲགས་འབད་ནི་དེ་གིས་ ཁང་གླར་སྡོད་ཚུགས་པའི་ གོ་སྐབས་རྩ་ལས་ར་ མིན་འདུག་ཟེར་ཞུ་ནི།
ཕུན་ཚོགས་གླིང་ལུ་ གནས་སོར་ཕོག་མི་ ཞི་གཡོགཔ་ལ་ལུ་ཅིག་ ཁྱིམ་མ་ཐོབ་པར་ ཁྱིམ་གཅིག་ནང་ བགོ་བཤའ་རྐྱབ་སྟེ་ སྡོད་དོ་ཡོདཔ་ཨིན་རུང་ ཡུན་རིང་པའི་བསྒང་ལས་ བཟའ་ཚང་ཚུ་དང་གཅིག་ཁར་ སྡོད་དགོ་ནི་དེ་གིས་ བྱ་སྟབས་མ་བདེ་བའི་ གནད་དོན་ཚུ་ འཐོན་ནིའི་ཉེན་ཁ་འདུག་ཟེར་ཞུ་ནི།
འདི་བཟུམ་མའི་ རྒྱུ་མཚན་ལུ་བརྟེན་ཏེ་ འོང་འབབ་ཆུང་བའི་ ཞི་གཡོགཔ་ཉམ་ཆུང་ཚུ་ བྱ་ཐབས་མེད་པར་ རང་དང་ བཟའ་ཚང་ཚུ་གི་ སྲོག་ལུ་ཉེན་ཁ་ཡོད་རུང་ ས་མཚམས་ཀྱི་ཕྱི་ཁར་ རྒྱ་གར་གྱི་ སྡོད་ཁྱིམ་ཚུ་ ཁང་གླ་ལེན་ཏེ་ སྡོད་དགོཔ་བྱུངམ་མས་ཟེར་ཞུ་ནི།
དེ་འབདཝ་ད་ ས་མཚམས་ཀྱི་ཕྱི་ཁར་ སྡོད་ནི་དེ་ཡང་ འཕྲལ་འཕྲལ་སྦེ་ར་ རྒྱ་གར་གྱི་ ཨ་སམ་མངའ་སྡེ་ནང་ བྲེལ་ཟིང་ཚུ་ཐོནམ་ད་ བཟའ་ཚང་ནང་མི་ཚུ་དང་གཅིག་ཁར་ དཀའ་ངལ་ཐོནམ་མ་ཚད་ རྒྱ་གར་གྱི་ ས་ཁོངས་བརྒྱུད་དེ་ དྲོ་པ་དང་ ཕྱི་རུའི་དུས་ཚོད་ལུ་ ཡིག་ཚང་ནང་ ཕར་ཚུར་འགྱོ་ནི་དེ་ཡང་ ལྷག་པར་དུ་ ཉེན་ཁ་ཡོད་ནི་དེ་གིས་ དཀའ་སྡུག་བྱུངམ་མས་ཟེར་ཞུ་ནི།
རྒྱ་གར་གྱི་ ས་ཁོངས་ནང་སྡོད་མི་ འབྲུག་མི་བརྒྱ་ཕྲག་ལས་བཅད་མི་ཚུ་ མ་གཞི་ ཁང་གླའི་ཐད་ཁར་ ཁེ་སུ་ཅིག་འབད་རུང་ འཕྲལ་འཕྲལ་སྦེ་ར་ ཐ་ན་ རང་གི་སྲོག་ལུ་ཡང་ཐུག་པའི་ འཇིགས་སྣང་དང་ དཀའ་ངལ་ཚུ་བྱུངམ་ད་ བཟོད་མ་ཚུགས་པའི་ མནོ་བསམ་གཏང་དགོཔ་བྱུང་སྟེ་ བཟའ་རུང་བཅུད་མེད་ ཉལ་རུང་གཉིད་མེད་པའི་ གནས་སྟངས་བྱུངམ་མས་ཟེར་ཞུ་ནི།གནད་དོན་འདི་ལུ་བརྟེན་ གཞུང་གི་ཁ་ཐུག་ལས་ དམིགས་བསལ་དུ་ དངུལ་ཕོགས་ཉུང་སུ་ཅིག་ལས་མ་ཐོབ་མི་ ཞི་གཡོགཔ་ཉམ་ཆུང་ཚུ་གི་མཐའ་དོན་ལུ་ སྐྱིད་སྡུག་བཟུམ་ཅིག་སྦེ་ སྒྲིང་ཁྱིམ་ཚུ་ ག་དེ་མང་མང་ བཟོ་སྐྲུན་འབད་གནང་པ་ཅིན་ བསམ་བརྗོད་ལས་འདས་པའི་ ཕན་ཐོགས་འབྱུང་ཚུགས་ནི་ཨིན་པའི་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ དམིགས་དོན་ཡང་ འགྲུབ་ཚུགས་ནི་མས་ཟེར་ ཞུ་ནི་ཨིན།

བཙན་སྐྱོགས་རྡོ་རྗེ། ཕུན་ཚོགས་གླིང་།

No comments:

Post a Comment