གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྡ་བརྒྱུད་ལས་ཁང་ཚུ་གིས་ རྒྱུན་གནས་ཀྱི་ཐབས་ལམ་བཏོན་དགོཔ།

༥/༣/༢༠༡༣   ༉ ཁ་ཙ་ བརྡ་བརྒྱུད་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་བར་ནའི་ ཟླ་རིམ་གྱི་གྲོས་འཛོམས་འཚོགས་མི་དང་འབྲེལ་ སྤྱི་ཚོགས་ཀྱི་ བཙག་འཐུ་འགོ་འདྲེན་འཐབ་ནིའི་ དུས་ཚོད་ཡང་རནམ་ཕཞིན་དུ་ སྒེར་གྱི་གནས་ཚུལ་ལས་ཁང་ལ་ལུ་ཅིག་གིས་ སྤྱི་ལོ་༢༠༠༨ ཀྱི་ ལོ་ནང་བཟུམ་སྦེ་ གནས་ཚུལ་ཁྱབ་སྤེལ་འབད་མི་ཚུགས་ནི་བཟུམ་མའི་ ཚོར་སྣང་བྱུང་དོ་ཡོདཔ་ལས་ གཞུང་གིས་ གནས་ཚུལ་ལས་ཁང་གི་གནས་ཚད་ཚུ་ འགན་འཁྲི་ག་ཅི་བཟུམ་ཅིག་ འབག་དོ་ག་ཟེར་བའི་ དྲི་བ་ཞུ་ཡི།
བརྡ་དོན་དང་བརྒྱུད་འབྲེལ་བློན་པོ་ ནཱན་ད་ལཱལ་ རའེ་གིས་ སྒེར་གྱི་གནས་ཚུལ་ལས་ཁང་ཚུ་ རང་གི་རྐངམ་གུ་ རང་ལོང་སྡོད་ཚུགསཔ་ འབད་དགོ་ཟེར་ སླབ་པའི་བསྒང་།


དེ་གི་ལན་ལུ་ བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་ ནན་ད་ལཱལ་རའེ་གིས་ གནས་ཚུལ་ལས་ཁང་ཚུ་གིས་ འཕྲལ་མགྱོགས་ར་ བཙག་འཐུ་དང་འབྲེལ་བའི་གནས་ཚུལ་ འབྲི་དགོཔ་ལས་ དེ་བསྟུན་གྱི་དཀའ་ངལ་ འཐོན་ནིའི་ཤེས་རྟོགས་བྱུང་ཡོདཔ་ལས་ འདས་པའི་ཟླཝ་དག་པ་ཅིག་ནང་ གནས་ཚུལ་མཁནམ་གསརཔ་ཚུ་ལུ་ སྦྱོང་བརྡར་བྱིན་ཡི་ཟེར་བཤད་ཅི།
གནས་ཚུལ་ལས་ཁང་ཚུ་གིས་ ཧེ་མ་ལས་ཡོད་པའི་ གནས་ཚུལ་མཁནམ་ཚུ་ལུ་ རང་སོའི་གནས་ཚུལ་ལས་ཁང་གིས་སྦེ་ སྦྱང་བ་ཚུ་ཡང་ བྱིན་ཏེ་ཡོད་ཟེར་ཨིནམ་ད་ མི་ངོ་༢༤ ལུ་ བཙག་འཐུ་སྐབས་ གནས་ཚུལ་བསྡུ་ལེན་འབད་ནི་གི་དོན་ལུ་ ཁ་སྐོང་སྦྱོང་བརྡར་ཚུ་ བྱིན་ཏེ་ཡོད་ཟེར་ བློན་པོ་གིས་ བཤད་ཅི།
དེ་མ་ཚད་ གནས་ཚུལ་ལས་ཁང་གི་ རྩོམ་སྒྲིགཔ་དང་ བཀོད་ཁྱབ་འགོ་དཔོན་ཚུ་གིས་ གནས་ཚུལ་བསྡུ་བཀོདཔ་༢ རེ་ གདམ་འཐུ་འབད་ནི་ཨིནམ་བཞིན་དུ་ བཙག་འཐུ་སྐབས་ གནས་ཚུལ་ག་བཟུམ་འབྲི་ནི་ཨིན་ན་ གནས་ཚུལ་ལས་ཁང་རང་སོ་ལུ་ རག་ལས་ཟེར་བཤད་ཅི།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འདས་པའི་བཙག་འཐུའི་སྐབས་ ཀུན་གསལ་དང་ འབྲུག་གནས་ལུགས་ འབྲུག་དུས་ཚོད་ འབྲུག་རྒྱང་བསྒྲགས་ལས་འཛིན་ རྒྱང་བསྒྲགས་རེ་ཌིའོ་ཚུ་གིས་ འགན་ཁུར་སྦོམ་འབག་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ གསར་ཤོག་༡༢ དང་ རེ་ཌིའོ་༦ དེ་ལས་ ཊེ་ལི་ཝི་ཤཱན་༢ ཡོད་ཟེར་ཨིན་པས།
འབྲུག་པའི་མི་རློབས་དང་འཁྲིལཝ་ད་ བརྡ་བརྒྱུད་མ་འདྲཝ་ཚུ་གི་ཐོག་ལས་ གནས་ཚུལ་བལྟ་ཚུགས་ཟེར་གསུངས་ཡི།
འབྲུག་མི་ཚུ་གིས་ འབྲུག་པའི་གནས་ཚུལ་ལུ་རྐྱངམ་གཅིག་ དང་འདོད་བསྐྱེདཔ་མེན་པར་ རྒྱལ་སྤྱིའི་གནས་ཚུལ་གྱི་ཐོག་ལས་ཡང་  ལྟ་དོ་ཡོདཔ་ལས་ དེ་ཚུ་ལག་ལེན་འཐབ་དགོཔ་ཁག་ཆེ་ཟེར་ བློན་ཆེན་གྱིས་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ མི་སེར་ཚུ་གིས་ གཙོ་རིམ་ཅན་གྱི་གསར་ཤོག་ ངོས་འཛིན་འབད་དེ་ ལྷག་ཤེས་དགོཔ་དེ་ ཁག་ཆེ་ཟེར་ཨིནམ་ད་ དམངས་གཙོའི་རིང་ལུགས་ནང་ གཞུང་གིས་བརྡ་བརྒྱུདཔ་ཚུ་ལུ་ གནས་ཚུལ་བྱིན་ཏེ་ར་ སྡོད་ནི་མེན་པར་ གཞུང་གིས་ ལཱ་འབད་སའི་གནས་སྟངས་དེ་ ལེགས་ཤོམ་བཟོ་ནི་དང་ གནས་ཚུལ་ལས་ཁང་གི་རང་དབང་ལུ་ གུས་ཞབས་འབད་ནི་དེ་ ཨིན་ཟེར་ཨིན་པས།
བརྡ་བརྒྱུད་ལས་ཁང་ལ་ལུ་ཅིག་ ཚུལ་ལྡན་སྦེ་ རྒྱུན་སྐྱོང་འབད་མ་ཚུགས་པར་ ཧྲམ་འགྱོ་ནིའི་ཉེན་ཁ་ཡོདཔ་ལས་ གཞུང་གིས་ ཚོང་བསྒྲགས་ཀྱི་སྲིད་བྱུས་ལུ་ ཁས་ལེན་མ་འབད་ཟེར་ བློན་ཆེན་གྱིས་ གསུངས་ཡི།
བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁྱབ་བསྒྲགས་ཀྱི་དོན་ལུ་ གསར་ཤོག་དང་ རྒྱང་བསྒྲགས་དག་པ་ཅིག་ གདམ་ཁ་རྐྱབ་སྟེ་ཡོད་རུང་ དེ་ལུ་ གཞུང་གིས་ དཔྱད་ཞིབ་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment