གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེས་ལོ་༡༦ མན་ཆད་འབད་མི་ སྡེ་ཚན་ག་པའི་ ཕུཊ་བཱོལ་རྩེད་འགྲན་འབད་དོ་ཡོདཔ།

༡༣/༣/༢༠༡༣   ༉ ཐིམ་ཕུ་ ལྕང་གླིང་མི་ཐང་གི་ ཕུཊ་བཱོལ་རྩེད་ཐང་ནང་སྦེ་ སྡེ་ཚན་ག་པའི་ འགྲན་བསྡུར་འབད་དོ་ཡོད་པའི་གྲས་ལས་ ཁ་ཙ་ བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་བར་མ་གིས་ ཨི་སི་ཨར་སྡེ་ཚན་ལུ་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི།
སློབ་ཕྲུག་ཚུ་གིས་ རྩེད་འགྲན་འབད་བའི་བསྒང་།


དེ་ཡང་ སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༥ ལངམ་ད་ བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་བར་མ་གིས་ གཱོལ་གཅིག་བཙུགས་པའི་ཤུལ་ལུ་ བྱང་ཕྱད་སྡེ་ཚན་གྱིས་ དོ་འགྲན་ག་དེ་ཅིག་འབད་རུང་ བར་མཚམས་ངལ་གསོ་ཚུན་ གཱོལ་བཙུགས་མ་ཚུགས་པས།
ཨི་སི་ཨར་སྡེ་ཚན་གྱིས་ ལོག་རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༡༠ ཚུན་ རྩེད་འགྲན་ལེགས་ཤོམ་འབད་ཡོད་རུང་
དུས་ཡུན་སྐར་མ་༦༠ ལུ་ འཐུས་ཤོར་དུམ་གྲ་ཅིག་བྱུང་མི་ལུ་བརྟེན་ བྱང་ཕྱད་སྡེ་ཚན་གྱིས་ ད་རུང་ གཱོལ་གཅིག་བཙུགས་ཡོདཔ་མ་ཚད་ དུས་ཚོད་ཚང་རནམ་ད་ ཧེང་སྐལ་གཱོལ་ཅིག་བཙུགས་དཔ་ལས་ བསྡོམས་ཀྱིས་ གཱོལ་༣ བཙུགས་པའི་སྐབས་ ཨི་སི་ཨར་སྡེ་ཚན་གྱིས་ གཱོལ་༡ ཡང་ བཙུགས་མ་ཚུགསཔ་ཨིན་པས།
ཨི་སི་ཨར་སྡེ་ཚན་གྱི་ འཛིན་སྐྱོང་པ་ དཔལ་ལྡན་མགོན་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ན་གཞོན་ཚུ་ལུ་ འདི་བཟུམ་གྱི་གོ་སྐབས་བྱིན་མི་དེ་ གཙོ་བོ་ར་ ཕུཊ་བཱོལ་རིག་རྩལ་དང་ ཉམས་མྱོང་ཚུ་ ཡར་དྲག་གཏང་ཐབས་ལུ་ ཨིན་ཟེར་ཨིན་པས།
ཨི་སི་ཨར་སྡེ་ཚན་གྱི་ རྩེད་འགྲན་པ་ སྐྱེས་ལོ་༡༣ ལང་མི་ བསམ་དོན་ཊི་དབང་རྒྱལ་གྱིས་འབད་བ་ཅིན་ རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ནི་དེ་ཁག་ཆེཝ་མིན་པར་ ང་བཅས་ན་གཞོན་ཚུ་གིས་ འབྲེལ་གཏོགས་འབད་ནི་དེ་ ཁག་ཆེ་ཟེར་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་པའི་འགོ་དཔོན་ བསོད་ནམས་འཇིགས་མེད་ཀྱིས་ སྤྲོ་བ་དང་དང་འདོད་ཅན་གྱི་ ན་གཞོན་ཚུ་ལུ་ ཕུཊ་བཱོལ་གྱི་ རིག་རྩལ་དང་ ཤེས་ཡོན་ དེ་ལས་ ཉམས་མྱོང་ཚུ་ ལེགས་ཤོམ་འཐོབ་བཅུག་ནི་ལུ་དམིགས་ཏེ་ ལས་རིམ་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།
འགྲན་བསྡུར་དེ་ སྤྱི་ཟླ་༣ པའི་ཚེས་༩ རེས་གཟའ་ཉི་མ་ལས་ འགོ་བཙུགས་ཡོདཔ་ད་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
དུས་ཅི་གི་རྩེད་འགྲན་ནང་ ཐིམ་ཕུའི་སློབ་གྲྭ་ཁག་ལས་ སྡེ་ཚན་༡༡ གིས་ འབྲེལ་གཏོགས་འབད་ཡོདཔ་ད་ འབྲུག་ཕུཊ་བཱོལ་ཚོགས་པའི་ཁ་ཐུག་ལས་ སྡེ་ཚན་རེ་ལུ་ རྩེད་འགྲན་འཛིན་སྐྱོང་འཐབ་ནིའི་དོན་ལུ་ དངུལ་ཀྲམ་༢༥,༠༠༠ རེ་ བྱིན་ཡོདཔ་ཨིན་པས།
རྩེད་འགྲན་དྲག་ཤོས་ཐོན་མི་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢༥,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༡༠,༠༠༠ བྱིན་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment