གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨིས་ཏཱན་བཱུལ་གྱི་བྱ་རིམ་དང་འབྲེལ་བའི་ གྲུབ་འབྲས་གནས་སྟངས་བརྟག་ཞིབ།

༡༣/༣/༢༠༡༣   ༉ ཁ་ཙ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ གོང་འཕེལ་ཆུང་རིམ་དང་ སྐོབས་ཚུད་རྒྱལ་ཁབ་ དེ་ལས་ མཚོ་གླིང་ངམ་ གླིང་ཕྲན་རྒྱལ་ཁབ་ གོང་འཕེལ་འགྱོ་བའི་བསྒང་འབད་མི་ཚུ་གི་དོན་ལུ་ ཆེ་མཐོའི་ངོ་ཚབ་དང་ ཡོངས་ཁྱབ་དྲུང་ཆེན་འོག་མ་ཨིན་མི་ གཞུང་ཚབ་ག་ཡཱན་ ཅཱན་ད་ར་ ཨ་ཅརྱ་དང་གཅིག་ཁར་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ མཇལ་ཕྲད་གནང་ཡི།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གཞུང་ཚབ་ག་ཡཱན་ ཅཱན་ད་ར་ ཨ་ཅརྱ་དང་གཅིག་ཁར་ མཇལ་ཕྲད་གནང་པའི་བསྒང་།


སྐུ་ཚབ་ ག་ཡཱན་ ཅཱན་ད་ར་ ཨ་ཅརྱ་གིས་ བདུན་ཕྲག་འདི་ནང་ འབྲུག་གིས་ ཨིས་ཏཱན་བཱུལ་གྱི་བྱ་རིམ་དང་འབྲེལ་བའི་ གཙོ་རིམ་ཚུ་ནང་ གྲུབ་འབྲས་གནས་སྟངས་ག་དེ་སྦེ་འགྱོ་དོ་ག་ བརྟག་ཞིབ་འབད་ནིའི་དོན་ལུ་འོང་ཡོདཔ་ད་ དེ་ལས་ ཨིས་ཏཱན་བཱུལ་གྱི་བྱ་རིམ་དེ་ སྤྱི་ལོ་༢༠༡༥ གི་ཤུལ་ལས་ གོང་འཕེལ་དམིགས་ཡུལ་ལས་རིམ་ནང་ བཙུགས་ནིའི་ཐབས་ཤེས་དོན་ལུ་ གསལ་བཤད་དང་ གྲོས་བསྡུར་ཚུ་ཡང་ འབད་ནི་ཨིན་པས།
སྐུ་ཚབ་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ གོང་འཕེལ་ཆུང་རིམ་དང་ སྐོབས་ཚུད་ཅན་གྱི་རྒྱལ་ཁབ་ དེ་ལས་ གླིང་ཕྲན་གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ཚུ་གི་དོན་ལུ་ སྤྱིར་བཏང་ལུ་ ཡུ་ཨེན་ཨོ་རིལསི་ཟེར་མི་གི་ ཆེ་མཐོའི་ངོ་ཚབ་དང་ དྲུང་ཆེན་འོང་མའི་ གོ་གནས་མ་འཆང་བའི་ཧེ་མར་ ནེ་པཱལ་གྱི་ ཕྱི་འབྲེལ་དྲུང་ཆེན་དང་ འཛམ་གླིང་སྤྱི་ཚོགས་ལུ་ ནེ་པཱལ་གྱི་དོན་གཅོད་ངོ་ཚབ་སྦེ་ སྡོད་ཡོདཔ་ཨིན་པས།
ཁོ་དང་གཅིག་ཁར་ ཡུ་ཨེན་ཨོ་རིལསི་གི་མདོ་ཆེན་ གཞུང་ཚབ་ཧི་ཌི་ ཤུ་རོ་ཌི་རུས་ ཕོགསི་ཡང་ འོང་ཡོདཔ་ད་ ཡུ་ཨེན་ ཨོ་རིལསི་ཟེར་ འཛམ་གླིང་སྤྱི་ཚོགས་ཀྱི་ གོང་འཕེལ་ཆུང་རིམ་དང་ སྐོབས་ཚུད་རྒྱལ་ཁབ་ དེ་ལས་ གླིང་ཕྲན་རྒྱབ་ཁབ་གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ཚུ་གི་དོན་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡན་ལག་ཅིག་སྦེ་ སྤྱི་ལོ་༢༠༠༡ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞལ་འཛོམས་ནང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཡན་ལག་དེ་ གཙོ་བོ་ར་ དེ་བཟུམ་མའི་ རྒྱལ་ཁབ་ཚུ་ནང་ བྱ་རིམ་ཚུ་ དོན་སྨིན་ཅན་དང་ གྲུབ་འབྲས་ཅན་ཅིག་སྦེ་ ལག་ལེན་འཐབ་ཚུགས་པའི་ཁར་ བསྐྱར་ཞིབ་ཚུ་ཡང་ མཐིལ་ཕྱིན་འབྱུང་ཐབས་ལུ་ གཞི་བཙུགས་འབད་ཡོདཔ་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment