དེ་ཡང་
གསར་སྤང་རྫོང་ཁག་ཁྲིམས་འདུན་ལས་
སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༡༧
ལུ་ བདེ་སྐྱིད་གླིང་རྒེད་འོག་
བདེ་སྐྱིད་གླིང་གཡུས་ཚན་ལས་
ནོར་རྫིཔ་ཕོ་སྐྱེས་༣ གྱིས་
གོ་མཚོན་ཚུ་ ཐོབ་ཡོད་རུང་
ཁྲིམས་དང་འཁྲིལ་ཏེ་
སྙན་ཞུ་མ་འབད་བར་
འཆང་སྤྱོད་འབད་མི་ལུ་བརྟེན་
ཉེས་ཁྲིམས་ཟླཝ་༣ ལས་ ལོ་༣
ཚུན་ བཀལ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢
ཟླ་༤ པའི་ནང་ ཉེས་ཁྲིམས་ལོ་༡
དང་ཟླ་ངོ་༦ ཕོག་མི་ ཉེས་འཛུགས་ཅན་
བུ་དི་མཱན་མང་གར་གྱིས་
ས་གནས་བདེ་སྐྱིད་གླིང་
ཏིན་བན་དི་ཚལ་མའི་ནང་
ནོར་འཚོ་སྡོད་པའི་སྐབས་
གོ་མཚོན་ཁ་དུ་ཝ་༡ མཐོང་མི་དེ་
འབྲེལ་ཡོད་ཡིག་ཚང་ལུ་
སྙན་ཞུ་མ་འབད་བར་ བཞག་ཡོདཔ་ཨིན་པས།
ཁོ་གིས་
ཁྲིམས་སྲུང་འགག་པ་ལུ་
སྙན་ཞུ་མ་འབད་བར་ ཇིད་བྷ་དུར་རའི་ལུ་
རྩིས་སྤྲོད་ཡོདཔ་ལས་བརྟེན་
སྡོང་ཟླ་དང་ རྒྱུད་བསྐུལ་འབད་བའི་གནད་ལས་
འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འགལཝ་ལས་བརྟེན་
ཉེས་ཁྲིམས་ཕོག་ནུག།
དེ་བཟུམ་སྦེ་
ཇིད་བྷ་དུར་རའི་གིས་
གོ་མཚོན་ཐོབ་མི་དེ་
འབྲེལ་ཡོད་ཁྲིམས་སྲུང་འགག་པ་ལུ་
སྙན་ཞུ་འབད་དགོཔ་ཨིན་རུང་
བུ་དི་མཱན་མང་གར་ལས་ ཁོ་གིས་
འཆང་སྤྱོད་འབད་ནིའི་དོན་ལུ་ལེན་ཏེ་
ས་གནས་དེ་ཁར་ གཡིབ་བཞག་ཡོདཔ་ལས་
ཉེས་ཁྲིམས་ལོ་༣ བཀལ་ནུག།
བུ་དི་མཱན་མང་གར་གྱིས་
ཇིད་བྷ་དུར་རའི་ལུ་
འཆང་སྤྱོད་འབད་ནིའི་དོན་ལས་
གོ་མཚོན་ཁ་དུ་ཝ་
རྩིས་སྤྲོད་འབད་བའི་སྐབས་
སཱན་ཇིད་རའི་གིས་ མཐོང་ཡོད་རུང་
འབྲེལ་ཡོད་དབང་འཛིན་ལུ་
སྙན་ཞུ་མ་འབད་མི་ལུ་བརྟེན་
ཐོག་མའི་ཁྲིམས་འདུན་ལས་
ཉེས་ཁྲིམས་ཟླཝ་༣ བཀལ་ཡོདཔ་ཨིན་པས།
བུ་དི་མཱན་མང་གར་གྱིས་
མཐོ་གཏུགས་འབད་མི་དང་འཁྲིལཝ་ད་
ས་མཚམས་ལས་ ཀི་ལོ་མི་ཊར་༢
ཀྱི་ས་ཁར་ ས་གནས་ཏིན་བན་དི་གི་
ཚལ་མ་ནང་ ནོར་འཚོ་བའི་སྐབས་
གོ་མཚོན་ཁ་དུ་ཝ་མཐོངམ་བཞིན་དུ་
ཇིད་བྷ་དུར་རའི་ལུ་ སླབ་པའི་སྐབས་
ཁོ་དགོ་ནི་ཟེར་ སླབ་མི་ལུ་བརྟེན་
བྱིན་མི་དེ་ བདེན་ཟེར་ཨིན་པས།
ཨིན་རུང་
གོ་མཚོན་མེདཔ་ཐལ་བའི་ཁར་
མི་དང་སེམས་ཅན་ཚུ་ལུ་
གནོདཔ་བཀལ་བ་དང་ རྒྱུད་བསྐུལ་ཐོག་ལས་
བྱ་ངན་ཚུ་ འབད་འབདཝ་མེད་ཟེར་
ཞུ་ནུག།
དེ་བཟུམ་སྦེ་
ཉེས་ཁྲིམས་ལོ་༣ ཕོག་མི་
ཇིད་བྷ་དུར་རའི་གིས་
མཐོ་གཏུགས་ཞུ་མི་དང་འཁྲིལཝ་ད་
གོ་མཚོན་འཆང་སྤྱོད་འབད་མི་
ངེས་བདེན་ཨིན་རུང་ མི་དང་སེམས་ཅན་ཚུ་
བསད་པ་དང་ འཇིགས་བསྐུལ་འབད་བ་གང་ཡང་མེདཔ་ལས་
ཉེས་ཁྲིམས་མར་ཕབ་གནང་ནི་
ཡང་ཅིན་ བཙོང་འཐུས་བཏབ་ཆོག་པའི་
གནང་བ་གནང་ནི་ཡོདཔ་ཅིག་ཟེར་ཞུ་ནུག།
ཐོག་མའི་ཁྲིམས་འདུན་ལས་
ཉེས་འཛུགས་སཱན་ཇིད་རའི་ལུ་
ཉེས་ཁྲིམས་ཟླ་༣ བཀལ་མི་དེ་
ཁྲིམས་འཐུས་བཏབ་ཆོགཔ་ད་
གོ་མཚོན་ཁ་དུ་ཝ་དེ་
གཞུང་བཞེས་མཛད་དགོཔ་སྦེ་
འཁྲུན་ཆོད་བཏོན་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment