གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསར་ལྟག་རྫོང་ལུ་ གག་གྲམ་ཐེབས་ཐོན་ཡོདཔ།

༨/༣/༢༠༡༣    ༉ འཕྲལ་ཁམས་ཅིག་ཁར་ བརྡ་བརྒྱུད་ནང་བཀོད་དོ་བཟུམ་འབད་བ་ཅིན་ ཀྲོང་གསར་རྫོང་དང་ ལྟག་རྫོང་ དེ་ལས་ ཉེ་འདབས་ཀྱི་ས་ཁོངས་ནང་ཡོད་མི་ བཟའ་ཁང་ཚུ་ནང་ སེར་གུ་ཐོན་ཡོད་མི་དེ་ ད་ལྟོ་བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ མང་སྡེ་ཆུ་ གློག་མེ་ལས་འགུལ་ནང་ གས་རྫས་གས་མི་ལུ་བརྟེན་མེནམ་སྦེ་ སླབ་ཡོདཔ་ཨིན་རུང་ ལྟག་རྫོང་གི་གྱང་རྩིག་ནང་ ཧེ་མ་ལས་ཡོད་པའི་ གག་གྲམ་གུ་ལུ་ ད་རུང་ སེར་གུ་ཐེབས་ཐོན་ཡོད་པའི་ཁར་ ཀྲོང་གསར་རྫོང་ནང་ ཤེལ་སྦྱར་ཡོད་མི་ཚུ་ཡང་ ཆག་སོ་ཡོདཔ་ཨིན་པས།


དེ་འབདཝ་ལས་ ལྟག་རྫོང་གི་འགྲེམས་སྟོན་ཅ་གཉེརཔ་ རྡོ་རྗེ་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་གི་སེར་གུ་ ཐེབས་ཐོན་ཡོད་པའི་སྐོར་ལས་ ཞུ་ཡིག་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་སླབ་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ རྫོང་ཁག་ལུ་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ ཁོ་གིས་ རྫོང་ཁག་ལུ་ཕུལ་མི་ སྙན་ཞུ་དང་འཁྲིལཝ་ད་ གློག་མེ་ལས་འགུལ་དེ་ རྒྱལ་ཁབ་ཀྱི་དོན་ལུ་ ཁག་ཆེ་རུང་ ལྟག་རྫོང་དེ་ཡང་ རྒྱལ་ཁབ་ཀྱི་འགྲེམས་སྟོན་གྱི་ཅ་ཆས་ ལེ་ཤ་ཅིག་བཞག་ས་ཨིནམ་ལས་ ལྟ་དགོཔ་ཁག་ཆེ་ཟེར་ཨིན་པས།
ཀྲོང་གསར་རྫོང་བདག་ཚེ་དབང་རིག་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཤེལ་དུམ་ཚུ་ ད་ཚུན་ ལྟ་རྟོག་མ་འབད་བར་བཞག་ཡོདཔ་ལས་ ནམ་ཆག་སོ་ཡི་ག་ སླབ་མི་ཤེས་པས་ཟེར་ཨིན་རུང་ སྤྱི་ཟླ་༢ པའི་ཚེས་༢༤ ལུ་ གས་རྫས་གས་མི་ཚུ་ ཤུགས་ཆེ་དྲག་ཡོདཔ་ལས་ དེ་བསྒང་ ཆག་འགྱོ་འགྱོཝ་འོང་ནི་མས་ཟེར་ཨིན་པས།
ལྟག་རྫོང་གི་སློབ་དཔོན་ བློ་གྲོས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཡང་ གས་རྫས་གས་པའི་སྐབས་སུ་ བྱེམ་ཕོག་ནི་འདུག་ཟེར་ཨིན་པས།
རྫོང་བདག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཇའི་པར་ཀཤ་གིས་ མཁས་མཆོག་ཁྱིད་འོང་སྟེ་ ཞིབ་དཔྱད་འབད་མིའི་སྙན་ཞུ་དེ་ བདུན་ཕྲག་གཉིས་མ་གཏོགས་གསལ་སྟོན་འབད་འབདཝ་མེདཔ་ལས་ དེ་ལུ་ ཆ་གནས་འབད་མི་ཚུགས་པས་ཟེར་ཨིནམ་ད་  ལས་འགུལ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ འཕྲལ་མགྱོགས་ར་ ལྟ་རྟོག་འབད་ནི་གི་འཕྲུལ་ཆས་ཚུ་ གནོད་སྐྱོན་བྱུང་བའི་ས་ཁོངས་ཚུ་ནང་ བཙུགས་ནི་ཨིན་ཟེར་ཨིན་པས།
རྫོང་བདག་གིས་ གནད་དོན་དེ་གི་སྐོར་ལས་ ཚ་གྱང་གི་གཞི་གནས་ཅིག་ཨིན་རུང་ རྣམ་རྟོག་ལང་དགོཔ་མེད་ཟེར་ཨིན་པས།
ཆུ་བྱག་བཟོ་སྐྲུན་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཀརྨ་ཆོས་འཕེལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ འཕྲུལ་ཆས་བཙུགས་ནི་དེ་ ཆུ་བྱག་གི་ལཱ་ འགོ་བཙུགསཔ་དང་འབྲེལ་འབད་ནི་ཟེར་ཨིན་པས།
བཟོ་སྐྲུན་གྱི་ལཱ་ ཆུ་ཁ་བསྒྱུར་གཏང་ནི་གི་དོན་ལུ་ དོང་སྤེད་ཚར་ཡོད་པའི་ཁར་ འཕྲུལ་ཆས་ཚུ་ཡང་ ག་ཏེ་ལས་ཉོ་ནི་ཨིན་ན་ ད་ལྟོ་ གདམ་ཁ་མ་རྐྱབ་ཟེར་ཨིནམ་ད་ འཕྲུལ་ཆས་ཚུ་ གནོད་སྐྱོན་རྐྱབ་ཡོད་པའི་ ས་ཁོངས་གསུམ་ནང་ བཙུགས་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
རྡོ་རྗེ་རྣམ་རྒྱལ་གྱིས་ རྫོང་བདག་ལུ་ཕུལ་མི་སྙན་ཞུ་ནང་ སེར་གུ་ཐོན་ཡོད་མི་ཚུ་ ག་ལུ་ཕོག་པའི་འགན་འཁྲི་ཨིན་ན་ ཤེས་དགོཔ་ཁག་ཆེ་བས་ཟེར་བཀོད་ཡོདཔ་ད་ འགྲེམས་སྟོན་ཁང་ནང་འོང་མི་ ལྟ་བཤལཔ་ཚུ་ལུ་ཡང་ ཉེན་ཁ་འདུག་ཟེར་ བཀོད་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment