གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསར་སྤང་དང་ དགེ་ལེགས་ཕུག་གི་གཞུང་ལམ་བར་ན་ ཟམ་གསརཔ་༢ འགོ་འབྱེད་འབད་ཡོདཔ།

༨/༣/༢༠༡༣    ༉ སྤྱི་ཟླ་༣ པའི་ཚེས་༥ ལུ་ གསར་སྤང་དང་ དགེ་ལེགས་ཕུག་གི་ གཞུང་ལམ་བར་ན་ ཟམ་གསརཔ་༢ འགོ་འབྱེད་འབད་མི་ལུ་བརྟེན་ ད་ལས་ཕར་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ སྟབས་བདེ་ཏོག་ཏོ་འབྱུང་ནི་ཨིན་པས།
འགོ་འབྱེད་འབད་མི་  གསར་སྤང་དང་ དགེ་ལེགས་ཕུག་བར་ནའི་ བྷུར་ཟམ།


དེ་ཡང་ རིང་ཚད་མི་ཊར་༧༠ དང་ རྒྱ་ཚད་མི་ཊར་༧ རེ་འབད་མི་ འཇིགས་མེད་གླིང་ཟམ་དང་ རྡོ་ར་ཁོ་ལ་ཟམ་༢ པོ་དེ་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ཚོགས་པ་ ཇའི་ཀ་གི་ རྒྱབ་སྐྱོར་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
ཟམ་འགོ་འབྱེད་སྐབས་ལུ་ ཞབས་ཏོག་ལྷན་ཁག་གི་དྲུང་ཆེན་ དྲགོས་ ཌོག་ཊར་བསོད་ནམས་བསྟན་འཛིན་གྱིས་ བཤད་མིའི་ནང་ ཇ་པཱན་གཞུང་དང་ ཇའི་ཀ་ལས་འགུལ་གྱིས་ གཞན་དང་མ་འདྲ་བའི་བཟོ་བཀོད་དང་ སྤུས་ཚད་ལྡན་པའི་ཟམ་གསརཔ་༢ བཟོ་སྐྲུན་འབད་མི་དེ་ལུ་ འབྲུག་གཞུང་དང་ མི་སེར་གྱི་ཁ་ཐུག་ལས་ བཀྲིན་དགའ་ཚོར་ཕུལཝ་དང་གཅིག་ཁར་ ད་ལས་ཕར་ཡང་ གོང་འཕེལ་གྱི་ ལས་དོན་ཚུ་ནང་ རྒྱབ་སྐྱོར་ཚུ་ གང་དྲག་འབད་བའི་ རེ་བ་ཡོད་ཟེར་ཨིན་པས།
དྲུང་ཆེན་གྱིས་ སླབ་མིའི་ནང་ ཧེ་མ་ བྷུར་ཁོ་ལ་ཟེར་ འཇིགས་མེད་གླིང་ཆུ་ལུ་ ཟམ་ལེགས་ཤོམ་ཅིག་ མེད་པ་ལུ་བརྟེན་ དཀའ་སྡུག་སྦོམ་བྱུང་ཡོད་མི་དེ་ ད་རེས་ ཟམ་གསརཔ་བཟོ་སྐྲུན་འབད་མི་ལུ་བརྟེན་ མི་སྡེའི་དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་ཨིནམ་མ་ཚད་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་ལུ་ཡང་ ཕན་ཁྱད་འབྱུང་ནི་མས་ཟེར་ཨིན་པས།
ཟམ་ཚུ་གི་ བཟོ་སྐྲུན་ལཱ་ཚུ་ཡང་ སྤྱི་ལོ་༢༠༡༡ ཟླ་༡༡ པའི་ནང་ འབྲུག་རྒྱལ་ཁབ་ནང་ རླུང་འཚུབ་ཀྱི་རྐྱེན་ངན་བྱུང་མིའི་དོན་ལུ་ གལ་ཅན་གྱི་རྟེན་གཞི་ ཉམས་གསོ་དང་ལེགས་བཅོས་ཀྱི་ ལས་འགུལ་ཐོག་ལས་ ཇ་པཱན་གཞུང་གིས་ འགོ་བཙུགས་པའི་ཤུལ་ལས་ ལོ་ལྷགཔ་ཅིག་གི་ ནང་འཁོད་ལུ་ དུས་ཅི་སྤྱི་ཟླ་༢ པའི་ནང་ མཇུག་བསྡུ་ཡོདཔ་ཨིན་པས།
རིང་ཚད་དང་ རྒྱ་ཚད་འདྲན་འདྲ་འབད་མི་ ཟམ་གསརཔ་༢ ཀྱིས་ ལྗིད་ཚད་མེ་ཊིག་ཊཱོན་༡༠༥ དེ་ཅིག་ འབག་ཐེག་ནི་ཨིན་པས།
དེ་བཟུམ་སྦེ་ ལས་འགུལ་དེ་གི་འོག་ལུ་ ཀྲོང་གསར་དང་ གཞལམ་སྒང་གཞུང་ལམ་ཁར་ སྐེ་ལ་དང་ ཟ་མི་ཆུ་ དེ་ལས་ མང་སྡེ་ཆུ་༣ རྩིས་ཏེ་ ས་གནས་ཁག་༣ ནང་ ལྗིད་ཚད་མེ་ཊིག་ཊཱོན་༢༤ དེ་ཅིག་ འབག་ཐེག་མི་ ལྕགས་ཟམ་༣ རྐྱབ་པའི་བསྒང་ཡོད་མི་དེ་ཡང་ དུས་ཅི་ སྤྱི་ཟླ་༥ པའི་ནང་ མཇུག་བསྡུ་ནི་ཨིནམ་ད་ ལས་འགུལ་གྱི་འོག་ལུ་ མཇུག་གི་ཟམ་༥ བཟོ་སྐྲུན་འབད་བཞིན་དུ་ཡོད་མི་ཚུ་ བསྒྲུབ་ནི་ཨིན་པས།
ཟམ་༥ བཟོ་སྐྲུན་འབད་ནིའི་དོན་ལུ་ ཇ་པཱན་གྱི་ཏི་རུ་ ཡན་ས་ཡ་༡,༠༠༠ དེ་ཅིག་ ཟད་འགྲོ་གནས་ཡོདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ལས་འགུལ་དེ་ མཇུག་བསྡུ་བའི་ཤུལ་ལས་ ད་རུང་ དགེ་ལེགས་ཕུག་ མའུ་མཁོ་ལ་ཆུའི་གུ་ལས་ ཟམ་རྐྱབ་ནི་གི་ གྲོགས་རམ་འབད་དགོ་པའི་སྐོར་ལས་ བསྟུན་གྲོས་འབད་བའི་བསྒང་ཡོདཔ་ཨིན་པས།
ཟམ་༣ མཇུག་བསྡུ་བའི་ཤུལ་ལས་ ཇ་པཱན་གཞུང་གི་ མ་དངུལ་གྲོགས་རམ་ཐོག་ལས་ ལས་འགུལ་འདི་གི་འོག་ལུ་ ཟམ་བསྡོམས་༡༩ བསྒྲུབ་ནི་ཨིན་པའི་གནས་ཚུལ།

དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

 

No comments:

Post a Comment