གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤ་རོ་ལུ་ བུམོ་ཅིག་ ཆུ་རྫིང་ནང་ཐིམ་ཡོདཔ།

༤/༣/༢༠༡༣   ༉ ཁ་ཙ་ སྤ་རོ་ལུ་ སྐྱེས་ལོ་༡༧ ལང་མི་བུམོ་ཅིག་ ཆུ་རྫིང་ནང་ཐིམ་སྟེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་ཡང་ ཚེ་འདས་དེ་ སྤ་རོ་གནམ་གྲུ་ཐང་གི་ ཉེན་སྲུང་སྒོ་རའི་ ཉེ་འདབས་ལུ་ཡོད་མི་ གནས་སྐབས་ཀྱི་ ཆུ་རྫིང་ནང་ ཆ་རོགས་༡ དང་གཅིག་ཁར་ ཆུ་རྩལ་རྐྱབ་ད་ ཆུ་ནང་བྱིངམ་སོཔ་ཨིན་པས།



ཉམས་རྒུད་པ་དང་གཅིག་ཁར་ ཆ་རོགས་བུམོ་གཞན་༣ ཆུ་རྫིང་དེ་ནང་ སོང་ཡོདཔ་ད་ སྤ་རོའི་ཁྲིམས་སྲུང་འགག་པ་གིས་ བུམོ་གི་ཕུངམ་དེ་ རྐྱེན་ངན་གྱི་སྐོར་ལས་ སྙན་ཞུ་ཐོབ་སྟེ་ དུས་ཡུན་ཆུ་ཚོད་༣ གྱི་རྒྱབ་ལས་ འཚོལ་ཐོབ་ནུག།
ཚེ་འདས་ཀྱིས་ སྒེར་གྱི་སྲུང་རྒྱབ་ལས་སྡེ་ཅིག་ནང་ སྦྱོང་བརྡར་མཇུག་བསྡུཝ་ཅིག་འབད་ནི་དེ་གིས་ ཁ་ཙ་ལས་ ངལ་གསོ་ལེན་སྡོད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སྔོན་འགྲོའི་དབྱེ་ཞིབ་དང་འཁྲིལཝ་ད་ གཞན་གྱིས་ གནོདཔ་བཀལ་བའི་ དོགས་པ་མེདཔ་ཨིན་རུང་ ཞིབ་དཔྱད་འཕྲོ་མཐུད་དེ་ འབད་འོང་ཟེར་ཨིན་པས།
ཁྲིམས་སྲུང་འགག་པའི་ འགན་འཛིན་འགོ་དཔོན་ དཔལ་འབྱོར་གྱིས་ སླབ་མིའི་ནང་ ས་གནས་ཀྱི་ འཐུས་མི་ཚུ་དང་ དམིགས་བསལ་དུ་ ཨ་ལུ་ཚུ་གིས་ ཆུ་རྫིང་དེ་ ཆུ་རྩལ་རྐྱབ་ནིའི་དོན་ལུ་ ལག་ལེན་འཐབ་ནི་མི་འོང་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment