གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་སྲུང་འགག་པ་གིས་ ཨར་རྐུན་མར་ཕབ་འབད་ཐབས་ལུ་ སྣུམ་འཁོར་ཞིབ་དཔྱད་འབད་དོ་ཡོདཔ།

༡༩/༣/༢༠༡༣   ༉ རྒྱལ་ཁབ་ནང་ ཨར་རྐུན་འབད་མིའི་གྱངས་ཁ་ཡར་སེང་སོང་མི་བསྟུན་ འདས་པའི་ཟླཝ༌ལས་ཚུར་ ཁྲིམས་སྲུང་འགག་པ་གིས་ སྣུམ་འཁོར་ཞིབ་དཔྱད་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
སྣུམ་འཁོར་ཞིབ་དཔྱད་དེ་ཡང་ ཐིམ་ཕུ་ སྤ་རོ་ ཧཱ་ ཕུན་ཚོགས་གླིང་འགྱོ་སའི་ ཆུ་འཛོམས་ལུ་དང་ ཁག་གཅིག་དེ་ ཧོང་ཚོ་ལུ་ གཞི་བཙུགས་འབད་ཡོདཔ་ཨིན་པས།



སྣུམ་འཁོར་ཞིབ་དཔྱད་ཀྱི་དོན་ལུ་ ས་གནས་ཁག་གཉིས་ གདམ་ཁ་རྐྱབ་མི་དེ་ཡང་ རྒྱལ་ས་ལྟེ་བ་ལས་ ཕྱི་ཁར་འགྱོ་ནི་དང་ ནང་ན་འོང་མི་ཚུ་ ག་ར་ ས་གནས་འདི་ཁ་ལས་རྒྱུད་དེ་ འགྱོ་དགོ་མི་ལུ་བརྟེན་ཨིན་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་བཤདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་འགོ་དཔོན་གྱིས་འབད་བ་ཅིན་ ཨརཝ་རྐུ་མི་ཚུ་གིས་ དུས་ཚོད་གཉིས་སྦེ་ ལག་ལེན་འཐབ་སྟེ་འདུག་ཟེར་ཨིན་པས།
དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ བཟའ་ཚང་གཉིས་ཆ་ར་ ཡིག་ཚང་ནང་ འགྱོ་བའི་སྐབས་ བྱ་ངན་གྱི་ལཱ་བྱ་འཐབ་པའི་ཁར་ ཡིག་ཚང་གི་དུས་ཚོད་ཚང་སྟེ་ ཁྱིམ་ནང་འགྱོ་མི་དང་ ཚོང་ཁང་སྒོ་བསྡམས་པའི་སྐབས་ལུ་ མི་ངན་ཚུ་གིས་ ཨརཝ་རྐུཝ་མས་ཟེར་ཨིན་པས།
ཁྱིམ་ནང་སྡོད་མི་ཚུ་གིས་ སེམས་དྲན་སྟོན་ཐོག་ལས་ ཅ་ཆས་དང་ ཁྱིམ་གྱི་སྒོ་ཚུ་ བདག་འཛིན་མ་འཐབ་པར་ བཞག་མི་ལུ་བརྟེན་ མི་ངན་ཚུ་གིས་ གོ་སྐབས་ལེནམ་མས་ཟེར་ཨིན་པས།
སྣུམ་འཁོར་ཤེལ་དཀྲུམས་ཐོག་ལས་ ཨར་རྐུན་འབད་མི་ཚུ་ཡང་ སྦྱིན་བདག་ཚུ་གིས་ རིན་གོང་ཅན་གྱི་ཅ་ཆས་ཚུ་ སྣུམ་འཁོར་ནང་ ག་ལྷོད་བཀོག་བཞག་མི་ལུ་བརྟེན་ བྱུངམ་མས་ཟེར་ཨིན་མས།
ཁྲིམས་སྲུང་འགག་པའི་ཁ་ཐུག་ལས་ དེ་བཟུམ་མའི་ བྱ་ངན་མི་འབྱུང་ནིའི་དོན་ལུ་ ནུབ་མོ་ ཉེན་སྲུང་ལྟ་རྟོག་པ་ཚུ་གིས་ ཞིབ་དཔྱད་ཚུ་ ག་དེ་དྲག་དྲག་འབད་དོ་ཡོདཔ་ཨིན་རུང་ ཁྱིམ་རེ་རེ་བཞིན་ལུ་ ལྟ་རྟོག་འབད་ཚུགས་ཐབས་མེདཔ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།
འདས་པའི་བདུན་ཕྲག་ནང་ ཨར་རྐུན་ནང་འབྲེལ་བ་ཡོད་མི་ དོགས་ཅན་ ཕོ་སྐྱེས་༢ འཛིན་བཟུང་འབད་དེ་ཡོདཔ་ད་ ཁོང་༢ ཆ་ར་ སྐྱེས་ལོ་༢༥ འོག་རྒྱུ་ཨིནམ་མ་ཚད་ ལཱ་གཡོག་མེད་མི་ཨིན་པས།
དུས་ཅི་ འདས་པའི་ཟླ་ངོ་༣ གྱི་ནང་འཁོད་ལུ་ ཐིམ་ཕུའི་ས་གནས་རྐྱངམ་ཅིག་ནང་ར་ ཨར་རྐུན་ཁག་༧ བྱུང་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
སྣུམ་འཁོར་ཞིབ་དཔྱད་འབད་ནི་ འགོ་བཙུགས་ཏེ་ ཉིན་གྲངས་༥ སོང་རུང་ ད་ཚུན་ལུ་ ཨར་རྐུན་དང་འབྲེལ་བའི་ ཅ་ཆས་འཛིན་བཟུང་འབད་བའི་ ལོ་རྒྱུས་མེད་ཟེར་ ཁྲིམས་སྲུང་འགག་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment