གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒེད་འོག་ནང་ འཁོར་ལམ་རྩི་ནག་མ་བཏང་མི་གིས་ དཔལ་འབྱོར་གོང་འཕེལ་ལུ་དཀའ་ངལ།

༡༩/༣/༢༠༡༣   ༉ ཐིམ་ཕུ་ དགེ་བསྙེན་ཁའི་ རྒེད་འོག་གི་ སྣུམ་འཁོར་ལམ་དེ་ རྩི་ནག་ལམ་ཕྱེད་མ་གཏོགས་ མ་བཏངམ་ལས་ ས་གནས་ཀྱི་མི་སེར་ཚུ་ལུ་ དཀའ་ངལ་བྱུང་སྟེ་ ཡོདཔ་ཨིན་པས།
སྐྱེས་ལོ་༥༧ ལང་མི་ ཨཔ་རྣམ་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ནང་ ཧེ་མ་དང་ཕྱདཔ་ད་ ཡར་རྒྱས་སོང་ཡོད་རུང་ སྣུམ་འཁོར་ལམ་ རྩི་ནག་བཏང་སྟེ་མེད་མི་དེ་གིས་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།



དགེ་བསྙེན་ཁའི་མི་སེར་ སོ་ནམ་པ་ཚུ་གིས་ གནམ་བྱཱར་ འཐོན་ནི་རན་པའི་བསྒང་ལས་ བཟའ་འཐུང་གི་རིགས་ཚུ་ གསོག་འཇོག་འབད་ནི་ འགོ་བཙུགསཔ་མས་ཟེར་ ཁོ་གིས་བཤདཔ་ཨིན་པས།
དགེ་བསྙེན་རྒེད་འོག་ནང་ ཁྱིམ་གུང་པ་༡༣༠ དང་ མི་སེར་ཡོངས་བསྡོམས་༡,༠༠༠ ལྷགཔ་ཅིག་ཡོད་པའི་གྲས་ལས་ མང་ཤོས་ཅིག་ འཚོ་བ་ སོ་ནམ་ལུ་བརྟེན་ སྡོད་མི་ཨིན་ཟེར་ དམངས་མི་ རྣམ་རྒྱས་ཀྱིས་ བཤདཔ་ཨིན་པས།
ཐིམ་ཕུ་ཁྲོམ་ལས་ ཀི་ལོ་མི་ཊར་༣༠ ལྷགཔ་ཅིག་གི་ ས་གནས་ཁར་ཨིན་མི་ དགེ་བསྙེན་རྒེད་འོག་ནང་ སྣུམ་འཁོར་བདའ་འགྱོ་བའི་སྐབས་ལུ་ སྣུམ་འཁོར་ལམ་ ལེགས་ཤོམ་མེད་མི་ལུ་བརྟེན་ གླ་ཆ་མཐོ་སུ་ སྤྲོད་དགོཔ་བྱུངམ་མས་ཟེར་ཨིན་པས།
སོ་ནམ་ཞིང་པ་ཅིག་ཨིན་མི་ ཨམ་བཟང་མོ་གིས་འབད་བ་ཅིན་ རྒེད་འོག་གི་ མི་སེར་མང་ཤོས་ཅིག་གིས་ ཚོད་བསྲེ་ཚོང་འབྲེལ་འཐབ་ནིའི་རེ་འདོད་ཡོད་དེ་འབད་རུང་ སྐྱེལ་འདྲེན་འབད་ནི་ལུ་ དཀའ་ངལ་འདུག་ཟེར་ཨིན་པས།
རྒེད་འོག་དེ་ ཐིམ་ཕུ་རྫོང་ཁག་འོག་ལུ་ ཚུད་དེ་འབད་རུང་ ས་གནས་ནང་ ལོ་ཐོག་ དཀར་ ནག་ ཀེ་བ་ལ་སོགས་པ་ཚུ་མ་གཏོགས་ མི་འཚོ་ཟེར་ཨིན་པས།
གནམ་དགུན་གྱི་སྐབས་ལུ་ འགྲོ་འགྲུལ་འབད་ནི་ལུ་ དཀའ་ངལ་མེད་དེ་འབད་རུང་ གནམ་བྱཱར་ སོ་ནམ་གྱི་ཐོན་སྐྱེད་དང་འབྲེལ་བའི་དུས་ཚོད་ལུ་ ཆརཔ་རྐྱབ་སྟེ་ སྣུམ་འཁོར་འགྲོ་འགྲུལ་འབད་མ་ཚུགས་མི་གིས་ ཐོན་སྐྱེད་ཚོང་འབྲེལ་འཐབ་ནི་ལུ་ ཕན་ཐོགས་མིན་འདུག་ཟེར་ ཨམ་བཟང་མོ་གིས་ བཤདཔ་ཨིན་པས།
རང་གི་ ཞིང་ཁ་ལས་ཐོན་མིའི་ལོ་ཐོག་ཚུ་ བཙོང་སའི་ལམ་ མེད་པའི་བསྒང་ལས་ བཟའ་ཚང་གི་ དཔལ་འབྱོར་གོང་འཕེལ་ལུ་ ཐོ་སྦོམ་སྦེ་ར་ ཕོགཔ་མས་ཟེར་ཨིན་པས།
སྣུམ་འཁོར་ལམ་ རྩི་ནག་བཏང་པ་ཅིན་ གཡུས་སྒོའི་ནང་ལས་ཐོན་སྐྱེད་ཚུ་ ཁྲོམ་ཁར་འབག་སྟེ་ བཙོང་ཚུགས་ནི་ཨིནམ་ལས་ རྒེད་འོག་གི་ འཚོ་བའི་གནས་སྟངས་ ཡར་དྲག་འགྱོ་ཚུགས་ནི་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment