གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨོ་མཱན་རྒྱལ་ཁབ་དང་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གཞི་བཙུགས།

༡༩/༣/༢༠༡༣   ༉ འབྲུག་རྒྱལ་ཁབ་དང་ ཨོ་མཱན་རྒྱལ་ཁབ་༢ དང་ མི་སེར་ཚུ་གི་བར་ན་ ཕན་ཚུན་གཉིས་ལུ་ཕན་པའི་ མཐུན་འབྲེལ་རྩ་བརྟན་བཟོ་ནི་ལུ་དམིགས་ཏེ་ སྤྱི་ཟླ་༣ པའི་ཚེས་༡༥ ལུ་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གཞི་བཙུགས་ འབད་ཡོདཔ་ཨིན་པས།
མཐུན་འབྲེལ་གཞི་བཙུགས་ཀྱི་ མཉམ་འབྲེལ་གསལ་བསྒྲགས་ བརྫེ་སོར་འབད་བའི་བསྒང་།


དེ་ཡང་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ ལྷ་ཕྲུག་དབང་ཕྱུག་དང་ ཨོ་མཱན་སཱུལ་ཏ་ནེཊ་རྒྱལ་ཁབ་ཀྱི་ གཏན་འཇགས་སྐུ་ཚབ་ ཨམ་ལེ་ཡུ་ཐ་ མིནཊ་སཱུལ་ཊཱན་ ཨཱལ་མུ་གའི་རི་གཉིས་ཀྱིས་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གཞི་བཙུགས་ཀྱི་ མཉམ་འབྲེལ་གསལ་བསྒྲགས་གུ་ མཚན་རྟགས་བཀོད་ནུག།
མཚན་རྟགས་བཀོད་པའི་སྐབས་ སྐུ་ཚབ་གཉིས་ཀྱིས་ རང་སོའི་གཞུང་གིས་ ཟུང་ཕྱོགས་དང་ མང་ཕྱོགས་ཀྱི་ གནད་དོན་ཚུ་ནང་ མཉམ་འབྲེལ་དམ་ཟབ་འབད་ནི་གི་ སྤྲོ་བ་ཡོད་ལུགས་བཤད་ཡོདཔ་མ་ཚད་ འཛམ་གླིང་སྤྱི་ཚོགས་དང་ མང་ཕྱོགས་ཀྱི་ གྲོས་གནས་གཞན་ཚུ་ནང་ རྒྱལ་ཁབ་གཉིས་ཀྱི་བར་ན་ ད་ལྟོ་གནས་ཡོད་པའི་ མཉམ་འབྲེལ་གྱི་གནས་རིམ་ ལྷག་པར་དུ་ གཏིང་ཟབ་བཟོ་ནི་གི་ རེ་བ་ཡོད་ལུགས་ བཤད་ཡོདཔ་ཨིན་པས།
དེ་མ་ཚད་ སྐུ་ཚབ་གཉིས་ཀྱིས་ འབྲུག་དང་ ཨོ་མཱན་རྒྱལ་ཁབ་ཀྱི་བར་ན་ ཕན་ཚུན་ལྟ་སྐོར་འབད་ནི་གི་ འོས་འབབ་ཚུ་གི་སྐོར་ལས་ཡང་ གྲོས་བསྡུར་འབད་ཡི་ཟེར་ ཁ་ཙ་ ཕྱི་འབྲེལ་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།
འབྲུག་གིས་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་གཞི་བཙུགས་འབད་མི་ རྒྱལ་ཁབ་ཚུ་གི་གྲས་ལས་ ཨོ་མཱན་དེ་ རྒྱལ་ཁབ་༥༢ པ་ཨིན་པའི་གནས་ཚུལ།

No comments:

Post a Comment