གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དུས་ཅི་ ཚོགས་སྡེའི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་མངམ་ ཨམ་སྲུ་འཐོན་ནི།

༡༢/༣/༢༠༡༣   ༉ བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ གསལ་སྟོན་འབད་མི་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་འཁྲིལཝ་ད་ འདས་པའི་ཚོགས་སྡེའི་ བཙག་འཐུ་དང་ཅོག་འཐདཔ་སྦེ་ར་ དུས་ཅི་གི་ ཚོགས་སྡེའི་བཙག་འཐུ་ནང་ཡང་ ཚོགས་རྒྱན་བཙུགས་མི་མང་ཤོས་ར་ ཨམ་སྲུ་འོང་ནི་ཨིན་པས།
དེ་ཡང་ ཟིན་བྲིས་དེ་ནང་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་བསྡོམས་༣༨༧,༧༣༣ ཡོད་པའི་ནང་ལས་ ཕོ་སྐྱེས་༡༩༠,༢༧༦ ཡོད་མི་དང་ཕྱདཔ་ད་ ཚོགས་རྒྱན་བཙུགས་མི་༥,༣༨༡ དེ་ཅིག་གིས་ ཨམ་སྲུ་མངམ་ཨིན་པས།

བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་ གསལ་སྟོན་འབད་བའི་བསྒང་།


སྤྱི་ལོ་༢༠༠༧ གྱི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ལུ་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་བསྡོམས་༣༡༢,༨༡༧ ཐོན་ཡོད་ས་ལས་ ཚོགས་རྒྱན་བཙུགས་མི་ཨམ་སྲུ་༡༥༨,༧༦༦ དང་ ཕོ་སྐྱེས་༡༥༤,༠༥༡ ཐོན་ཡོདཔ་ད་ དེ་བསྒང་ ཚོགས་རྒྱན་བཙུགས་མི་ཨམ་སྲུ་༤,༧༡༥ དེ་ཅིག་ མངམ་ཐོན་ནུག།
སྤྱི་ལོ་༢༠༠༧ གྱི་ ཚོགས་སྡེའི་བཙག་འཐུ་སྐབས་ ཚོགས་རྒྱན་བཙུགས་མི་བསྡོམས་༣༡༢,༨༡༧ ཐོན་ཡོད་མི་དང་ཕྱདཔ་ད་ དུས་ཅི་ ཐོ་ཡིག་ཟིན་བྲིས་ནང་ཡོད་མི་ལུ་ བསྒྱུར་བཅོས་མེད་པ་ཅིན་ འདས་པའི་ལོ་༥ འི་ནང་འཁོད་ལུ་ ཚོགས་སྡེའི་བཙག་འཐུ་དོན་ལུ་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་༧༤,༩༡༦ དེ་ཅིག་ ཡར་སེང་སོང་ནུག།
དེ་བཟུམ་སྦེ་ འདས་པའི་ཚོགས་སྡེའི་བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་ཕོ་སྐྱེས་༡,༥༤,༠༥༡ ཡོད་མི་དང་ཕྱདཔ་ད་ དུས་ཅི་ ཐོ་ཡིག་ཟིན་བྲིས་དེ་ནང་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ཕོ་སྐྱེས་༣༦,༢༢༥ གིས་ ཡར་སེང་སོང་ཡོདཔ་མ་ཚད་ འདས་པའི་ལོ་༥ འི་ནང་འཁོད་ལུ་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ཨམ་སྲུ་ཡང་༣༦,༨༩༡ དེ་ཅིག་གིས་ ཡར་སེང་སོང་ནུག།
རྫོང་ཁག་༢༠ གི་ནང་ལས་ དུས་ཅི་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ བཙག་འཐུའི་ཐོ་ཡིག་ཟིན་བྲིས་དང་འཁྲིལཝ་ད་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ར་ བཀྲིས་སྒང་རྫོང་ཁག་ནང་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་༤༢,༦༢༠ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ད་ ཉུང་ཤོས་ར་ ཡོངས་གྲགས་ལུ་ རྫོང་ཁག་ཆུང་ཤོས་ཅིག་ཨིན་མི་ མགར་ས་རྫོང་ཁག་ནང་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་༨,༥༧༥ དེ་ཅིག་ལས་ ལྷགཔ་མིན་འདུག།
བཙག་འཐུའི་ཐོ་ཡིག་ཟིན་བྲིས་དེ་ སྤྱི་ཟླ་༣ པའི་ཚེས་༢༠ ཚུན་ཚོད་ འོས་འབབ་ཅན་གྱི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ རང་སོའི་མི་ཐོ་ཚུ་ ཐོ་ཡིག་དེ་ནང་ཚུད་མ་ཚུད་ བརྟག་ཞིབ་འབད་ནི་དང་ ཡང་ཅིན་ འོས་འབབ་མེད་མི་རེ་ཚུད་པ་ཅིན་ ཞུན་དག་ཚུ་ཡང་ བཀོད་ནི་གི་གོ་སྐབས་ཡོདཔ་ཨིན་པས།
ཟིན་བྲིས་དེ་ཁར་ ཞུན་དག་འབད་ནི་ཚུ་ སྤྱི་ཟླ་༣ པའ་ིཚེས་༢༣ ལས་ མཚམས་འཇོག་འབད་ཐོག་ ཟིན་བྲིས་དེ་ བཙག་འཐུའི་སྐབས་ ལག་ལེན་འཐབ་ནིའི་དོན་ལུ་ མཐའ་མའི་ཆ་འཇོག་འབད་འོང་ཟེར་ བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་བཤད་ཅི།
ཆ་འཇོག་གྲུབ་མི་ བཙག་འཐུའི་ཐོ་ཡིག་དེ་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ འབྲེལ་ཡོད་ཚུ་ལུ་ བཀྲམ་སྤེལ་འབད་ནི་ཨིན་པའི་ཁར་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ སླབ་མིའི་ནང་ རྒེད་འོག་ཚུ་ནང་ འདེམས་ངོ་གདམ་འཐུའི་འཛོམས་འདུ་ཚུ་ནང་ཡང་ ཐོ་ཡིག་དེ་ལུ་ གཞིར་བཞག་ཐོག་ བཙག་འཐུའི་ཚོགས་རྒྱན་འཕྲུལ་ཆས་ ལག་ལེན་འཐབ་ནི་ཨིནམ་ལས་ ཧེ་མ་བཟུམ་སྦེ་ ལགཔ་ཡར་འཐུ་ནིའི་ལམ་ལུགས་དེ་ ལག་ལེན་མི་འཐབ་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment