གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གི་ ས་མཚམས་ཁྲོམ་སྡེ་ཚུ་ལས་ རྒྱ་གར་བརྒྱུད་དེ་ སྣུམ་འཁོར་འགྲོ་འགྲུལ་བཀག་དམ།

༠༢/༠༣/༢༠༡༣    ༉ སྤྱི་ཟླ་༢ པའི་ཚེས་༢༨ ཀྱི་ནུབ་ཕྱེད་ལས་ འབྲུག་གི་སྣུམ་འཁོར་ཚུ་ ས་མཚམས་ཁྲོམ་སྡེ་ཚུ་ལས་ རྒྱ་གར་གྱི་མངའ་སྡེ་ ཨ་སམ་བརྒྱུད་དེ་ འགྲོ་འགྲུལ་ནི་ཚུ་ བཀག་དམ་འབད་མི་དེ་ སྤྱི་ཟླ་༣ པའི་ཚེས་༤ གི་ ནུབ་ཕྱེད་ཚུན་ གནས་ནི་ཨིན་པས།


དེ་ཡང་ འབྲུག་གི་ཁྲིམས་སྲུང་འགག་པ་གིས་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་གི་ ཁྲིམས་སྲུང་འགག་པ་ལས་ཐོབ་མི་ སྙན་ཞུ་དང་འཁྲིལཝ་ད་ ཨ་སམ་བོ་དོ་ལེནཌི་ ཇ་ན་ཏ་ངོས་ལེན་ཚོགས་པའི་ མི་སེར་ཚུ་གིས་ དུས་ཡུན་ཆུ་ཚོད་༡༠༠ གི་རིང་ ངོ་རྒོལ་འགྲེམ་སྟོན་འགོ་འདྲེན་འཐབ་ཡོད་པའི་སྐོར་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
དེ་འབདཝ་ལས་ སྤྱི་ཟླ་༢ པའི་ཚེས་༢༨ ཀྱི་ ནུབ་ཕྱེད་ལས་ འབྲུག་གི་སྣུམ་འཁོར་ག་ར་ ཕུན་ཚོགས་གླིང་ལས་ ཨ་སམ་བརྒྱུད་དེ་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལུ་ འགྱོ་ནི་དང་ བསམ་གྲུབ་ལྗོངས་མཁར་ལས་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ ངང་ལམ་ ཇོ་མོ་གཙང་ཁ་ དེ་ལས་ ཕར་ཚུར་འགྲོ་འགྲུལ་འབད་ནི་ཚུ་ བཀག་དམ་འབད་ནུག།
སྤྱི་ཟླ་༢ པའི་ཚེས་༢༧ གྱི་ནུབ་མོར་ ཨ་སམ་ལུ་ ལཱ་བཤོལ་ལམ་ ངོ་རྒོལ་འགྲེམ་སྟོན་གྱི་ གསལ་བསྒྲགས་འབད་ཞིནམ་ལས་ཚུར་ ཁྲིམས་སྲུང་འགག་སྡེའི་ སྒོ་ར་ཁར་ སྒེར་འཁོར་དང་ ཡང་ཅིན་ གླ་འཁོར་ཚུ་ ཕུན་ཚོགས་གླིང་གི་ ཕྱི་ཁར་འགྱོ་མ་འགྱོ་དང་ ནང་ན་ལྷོད་མ་ལྷོད་ དྲི་བར་འོང་ས་ ག་ཡང་མཐོང་གསལ་མ་བྱུངམ་ཨིན་པས།
ཨིན་རུང་ ནུབ་བེང་གཱལ་གྱི་ གཞུང་ལམ་དེ་ སྒོ་ཕྱེས་ཏེ་ར་ཡོདཔ་ཨིན་པས།
རྒྱ་གར་གྱི་ བརྡ་བརྒྱུད་ནང་ བཀོད་མི་དང་འཁྲིལཝ་ད་ སྤྱི་ཟླ་༢ པའི་ཚེས་༢༢ ལུ་ བོ་དོའི་བདག་དབང་རྫོང་ཁག་ནང་ ཉེན་འཚུབས་ཀྱི་བྱེལཝ་དག་པ་ཅིག་ ཐོན་པའི་ཤུལ་ལུ་ བོ་དོ་ལེནཌི་མཉམ་འབྲེལ་ངོས་ལེན་ཚོགས་ཆུང་གི་ མི་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་གསལ་བསྒྲགས་འབད་ནུག་ཟེར་ཨིན་པས།
ངོ་རྒོལ་འགྲེམ་སྟོན་དེ་ཡང་ སྲིད་དོན་གནས་རིམ་ནང་ ཨེན་ཌི་ཨེཕ་བི་པི་དང་ ནང་སྲིད་བློན་པོ་ཚུ་དང་ གྲོས་བསྡུར་འབད་ནི་ནང་ བོ་དོའི་ས་ཁོངས་སོ་སོར་བཟོ་དགོ་པའི་ བློ་འདོད་བཀོད་ཐབས་ལུ་ཨིནམ་ད་ ད་རེས་ནངས་པ་ ཉེན་འཚུབས་ཡོད་པའི་ ས་ཁོངས་ཚུ་ནང་ སྲུང་སྐྱོབ་སྒྲིང་སྒྲིང་བཙུགས་ཏེ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལས་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་ལུ་འགྱོ་མི་ འབྲུག་མི་ཚུ་ ངོ་རྒོལ་འགྲེམ་སྟོན་མཇུག་བསྡུ་ནི་ལུ་ མ་བསྒུགས་པར་ རྒྱལ་ཡོངས་གཞུང་ལམ་བདའ་སྟེ་འགྱོ་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

No comments:

Post a Comment