གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་ཆུང་གི་ འཐུས་མི་༡༤ ལས་༡ གིས་ ཁྲིམས་འཐུས་བཏབ་ཡོདཔ།

༡༢/༣/༢༠༡༣   དེ་ཡང་ འཁྲུན་ཆོད་ལུ་ བསམ་པ་རྫོགས་མི་ལུ་བརྟེན་མིན་པར་ ཁོ་ལུ་ ཁྲིམས་ཀྱི་རྒྱབ་རྟེན་ཤེས་ཡོན་མེད་ནི་དེ་གིས་ཨིན་པས།
༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ ཚོགས་ཆུང་གི་ ཁྲི་འཛིན་༢ དང་ འཐུས་མི་༡༤ ལུ་ བཙོན་ཁྲིམས་ལོ་ངོ་༡ ལས་ ལོ་ཕྱེད་དང་༣ ཚུན་ བཙོན་བཀལ་ཡོད་མིའི་གྲས་ལས་ ཁ་ཙ་ འཐུས་མི་ཅིག་གིས་ ཁྲིམས་འཐུས་དངུལ་ཀྲམ་༣༦,༠༠༠ བཏབ་མི་དེ་ རྩོད་ཟླ་དང་པ་ཨིན་པས།


དེ་ཡང་ སྤྱི་ལོ་༡༩༩༩ དང་༢༠༠༢ ཀྱི་བར་ན་ ཁྲོམ་ས་བགོ་བཀྲམ་ཚོགས་ཆུང་གི་ཁྲི་འཛིན་ མོང་སྒར་རྫོག་བདག་སྦེ་བཞུགས་མི་ ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱི་སྐབས་ལུ་ ཚོགས་ཆུང་གི་ འཐུས་མི་དྲུང་ཆེན་ཨིན་མི་ ཁྲོམ་སྡེ་སྒྲིང་ཁྱིམ་ལྟ་རྟོག་པ་ བདེ་ཆེན་སེངྒེ་གིས་ ཁོ་ལུ་ བཙོན་ཁྲིམས་ལོ་༡ ཕོག་མིའི་ཁྲིམས་འཐུས་ དངུལ་ཀྲམ་༣༦,༠༠༠ ཁྲིམས་འདུན་ལུ་ བཙུགས་ཡོདཔ་ཨིན་པས།
རྩོད་ཟླ་བདེ་ཆེན་སེངྒེ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོ་གིས་ ཁྲིམས་འཐུས་བཏབ་དགོ་མི་དེ་ཡང་ སྤྱི་ཟླ་༣ པའི་ཚེས་༨ ལུ་ རྫོང་ཁག་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་ལུ་ བསམ་པ་རྫོགས་ཏེ་མིན་པར་ ཁོ་ལུ་ ཁྲིམས་ཀྱི་རྒྱབ་རྟེན་ཤེས་ཡོན་མེད་ནི་དེ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་རུང་ བསྒྱུར་བཅོས་མི་འོང་ནི་བཟུམ་ མཐོང་སྣང་བྱུང་མི་ལུ་བརྟེན་ཨིན་ཟེར་ སླབ་ཨིན་པས།
ཁོ་ལུ་ བཙོན་ཁྲིམས་ལོ་༡ ཕོག་མི་དེ་ཡང་ ཁྲིམས་གཞུང་ཆེན་མོ་ན་༡-༢ པའི་དགོངས་དོན་ལས་ འགལ་ནི་དེ་གིས་ཨིནམ་ད་ བདེ་ཆེན་སེངྒེ་གིས་ གཞུང་ལུ་ མགུ་སྐོར་རྐྱབ་ཐོག་ལས་ རྒྱན་ཤོག་འཐུ་མི་གི་ ཐོ་བསྒྱུར་བཅོས་རྐྱབ་སྟེ་ ཁོ་རའི་སྲིངམོ་ བདེ་ཆེན་བཟང་མོ་དེ་ རྒྱན་ཤོག་འཐུ་བར་མ་ལྷོད་རུང་ ས་རྒྱ་ཕིཊ་གྲུ་བཞི་༤༦༤༨.༣༢ སྤྲོད་ཡོད་པའི་ ངོས་འཛིན་བྱུང་ནུག།
དེ་མ་ཚད་ གོ་རིམ་དང་པའི་ནང་ ཚོང་འབྲེལ་ས་ཆ་༡༩ དང་ གོ་རིམ་༢ པའི་ནང་ ཁྱིམ་སའི་དོན་ལུ་ ས་ཚན་༢༦ དེ་ལས་ སྤྱི་ལོ་༢༠༠༡ ལུ་ གོ་རིམ་༣ པའི་ནང་ ཁྱིམ་ས་༤༡ བགོ་བཀྲམ་འབད་མི་ཚུ་གི་ ཡིག་ཆུའི་གུ་ ཁོ་གིས་ མིང་རྟགས་བཀོད་དེ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་གིས་ ལོ་ངོ་༢༡ དེ་ཅིག་གི་རིང་ གཞུང་ལུ་ཕྱག་ཞུ་བའི་ ནམ་དུས་ལུ་ ངན་ལྷད་ཀྱི་ ལཱ་རྩ་ལས་ར་འབད་འབདཝ་མེད་ཟེར་ཨིན་པས།
བདེ་ཆེན་སེངྒེ་དེ་ རྒྱལ་པོའི་ཞིང་གི་ རྩོད་དོན་ལུ་མརྟེན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༡༡ པ་ལས་ གཞུང་གཡོག་ནང་ལས་ དགོངས་ཕོག་བཏོན་ཡོདཔ་ལས་ ཁོ་ལུ་ ཁེ་ཕན་རྩ་ལས་ར་མ་བཏུབ་ཟེར་ ཁོ་གིས་ སླབ་པའི་ཁར་ གཞུང་གཡོག་ལས་ ཁེ་ཕན་ག་ནི་ཡང་མེད་པར་ བཏོན་གཏང་པ་ཅིན་ ཧེང་བཀལ་ར་ གྱོང་རྒུད་ཕོག་ནི་མས་ཟེར་ སླབ་ཨིན་པས།
སྤྱི་ལོ་༢༠༡༢ ལོའི་འབྲུག་ཞི་གཡོག་བཅའ་ཡིག་དང་ སྒྲིག་གཞིའི་དོན་ཚན་༡༩.༩.༧ གྱི་ དགོངས་དོན་དང་འཁྲིལ་བ་ཅིན་ གཞུང་འབྲེལ་བྱ་སྒོ་ཚུ་དང་འབྲེལ་བའི་ ཉེས་ལས་ཅིག་ནང་ ཁྲིམས་འདུན་གྱིས་ ཞི་གཡོགཔ་ཅིག་ལུ་ ཉེས་ཕྲའི་བཙོན་ཁྲིམས་ལོ་༡ ཡན་ཆད་དང་ ལོ་༣ མན་ཆད་ཕོག་པ་ཅིན་ ཞི་གཡོག་ནང་ལས་ བཏོན་གཏང་ནི་སྦེ་ བཀོད་དེ་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment