གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་ཀེམ་གྱིས་ ཕོ་སྐྱེས་ཅིག་ བསད་ཡོདཔ།

༡༨/༣/༢༠༡༣   ༉ བསམ་རྩེ་རྫོང་ཁག་ རྡོ་རོ་ཁ་དྲུང་ཁག་ནང་ སྤྱི་ཟླ་༣ པའི་ཚེས་༡༦ ལུ་ གློག་ཀེམ་མི་ལུ་བརྟེན་ སྐྱེས་ལོ་༣༠ ལང་མི་ ཕོ་སྐྱེས་ཅིག་ བསད་ཡོདཔ་ཨིན་པས། 


གདུང་སྟོད་རྒཔོ་ ཀ་མཱལ་སིང་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་ལས་ དྲིས་བཀོད་འབདཝ་ད་ ཚེ་འདས་ཕོ་སྐྱེས་དེ་ ཧཱ་རྫོང་ཁག་ནང་ལས་ཨིནམ་བཞིན་དུ་ རྐྱེན་ངན་མ་བྱུང་བའི་ཧེ་མར་ དུས་ཡུན་སྐར་མ་༢ རྐང་སྟོང་སྦེ་ འགྱོ་དགོ་པའི་ ས་གནས་ནང་ ཁོ་རའི་ ཁྱིམ་ཚང་གི་ཁྱིམ་ནང་ ཇ་འཐུང་པ་སོང་ནུག་ཟེར་ཨིན་པས།
ཕྱི་རུའི་ཆུ་ཚོད་༣ དེ་ཅིག་ཁར་ ཁྱིམ་ཚང་གི་ཁྱིམ་ནང་ ཇ་འཐུང་སྡོད་པའི་བར་ན་ གློག་ཀེམ་གྱིས་ཕོག་སྟེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
རྒཔོ་གིས་འབད་བ་ཅིན་ ཚེ་འདས་ཕོ་སྐྱེས་དེ་ ཁོ་རའི་ རྟ་ནོར་འཚོ་སྐྱོང་འཐབ་ས་ རྩྭ་འབྲོག་ནང་ འོང་ཡོདཔ་བཞིན་དུ་ གནམ་དགུན་ཨ་རྟག་ར་ ས་གནས་དེ་ཁར་ འོང་སྲོལ་ཡོད་ཟེར་ཨིན་པས།
ཁྱིམ་ཚང་མཐོང་མི་ཅིག་གིས་སླབ་དོ་བཟུམ་འབད་བ་ཅིན་ གློག་ཀེམ་དེ་ ཤིང་གུ་ཕོག་པའི་ཤུལ་ལུ་ ཤིང་གུ་ལས་ ལོག་འོངམ་ད་ ཚེ་འདས་གུ་ ཕོག་ཅི་ཟེར་ཨིན་པས།
རྒེད་འོག་འགོ་ཁྲིདཔ་ཚུ་གིས་ གནོད་སྐྱོན་བྱུང་སའི་ས་ཁོངས་ནང་ སོང་ལྟཝ་ད་ ཚེ་འདས་ཕོ་སྐྱེས་དེ་གི་ གོ་ལ་ག་ར་མེ་གིས་ འཚིགསཔ་མ་ཚད་ གཟུགས་ག་ར་ གནགཔོ་ ཐལ་སོ་ནུག་ཟེར་ཨིན་པས།
ཚེ་འདས་ཀྱི་ཕུངམ་དེ་ ཁ་ཙ་ ཁོ་རའི་ ཨ་པ་དང་ གནས་ཚང་ལུ་ རྩིས་སྤྲོད་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment