གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་བཙོང་ཐོག་ལས་ ཁྱིད་སོང་མི་ སློབ་ཕྲུག་བུམོ་ཅིག་ ལོག་ཐོབ་ཡོདཔ།

༥/༣/༢༠༡༣   ༉ ཁ་ཙ་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ཁར ཐིམ་ཕུ་འཇིགས་མེད་རྣམ་རྒྱལ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་བུམོ་ཅིག་ སློབ་གྲྭ་ནང་འགྱོ་བའི་ལམ་ཁར་ གཟི་ལུང་ཁ་ ཨ་ནེམོ་གྲྭ་ཚང་གི་ སྦོ་ལོགས་ཁར་ལྷོདཔ་ད་ ཧང་སྟོང་མར་ ཁ་རས་སྤུར་མི་ ཨམ་སྲུ་སྡེ་ཚན་ཅིག་གིས་ དབང་བཙོང་ཐོག་ལས་ སྣུམ་འཁོར་ཧ་ཡེསི་བཱསི་ཅིག་ནང་བཙུགས་ཏེ་ ཁྱིད་སོང་བའི་ཤུལ་ལུ་ ཕུན་ཚོགས་གླིང་ཁྲོམ་ནང་ མ་ལྷོདཔ་ཅིག་ཁར་ བཏོན་བཞག་ཡོདཔ་ཨིན་པས།


ཨ་རྟག་ར་ སློབ་གྲྭ་ནང་ རྐང་སྟོང་སྦེ་འགྱོ་མི་ སྐྱེས་ལོ་༡༤ ལང་མི་ སློབ་རིམ་༨ པའི་ སློབ་ཕྲུག་བུམོ་དེ་ རྐྱེན་ངན་བྱུང་བའི་སྐབས་ མོ་ར་ལུ་ འགྲུལ་འཕྲིན་མོ་བཱ་ཡལ་ཅིག་ འབག་ནི་ཡོདཔ་ལས་ དེ་འཕྲོ་ལས་ མོ་རའི་ཨའི་ལུ་ ཨམ་སྲུ་སྡེ་ཚན་ཅིག་གིས་ དབང་བཙོང་ཐོག་ལས་ སྣུམ་འཁོར་ཧ་ཡེསི་བཱསི་ཅིག་ནང་ བཙུགས་བཞག་ཡི་ཟེར་ འགྲུལ་འཕྲིན་བཏང་ཡོདཔ་ཨིན་པས།
ཉམས་རྒུད་པའི་ ཨའི་གིས་ སླབ་མི་དང་འཁྲིལཝ་ད་ དྲོ་པའི་ཆུ་ཚོད་༧:༥༥ ལུ་ མོ་རའི་བུམོ་ལས་ ཨམ་སྲུ་༨ དེ་ཅིག་གིས་ མོ་ལུ་ དབང་བཙོང་ཐོག་ལས་ སྣུམ་འཁོར་ནང་ བཙུགས་བཞག་ཡི་ཟེར་ འགྲུལ་འཕྲིན་ལྷོད་པའི་ཤུལ་ལུ་ ལོག་ འགྲུལ་འཕྲིན་ག་དེམ་ཅིག་བཏང་རུང་ འཐུ་མ་བཏུབ་ལས་ ཚ་ངེར་བཏོན་ཏེ་ སློབ་གྲྭ་ནང་ སོང་ཡི་ཟེར་ཨིན་པས།
སློབ་གྲྭ་ནང་ལྷོདཔ་ད་ བུམོ་གི་ ཆ་རོགས་ཚུ་དང་ སློབ་རིམ་སློབ་དཔོན་ལུ་ བྱུང་རྐྱེན་གྱི་སྐོར་ལས་ ལོ་རྒྱུས་སླབ་སྟེ་འབད་རུང་ ཁོང་ཆ་ཁྱབ་ཀྱིས་ འབད་ཐབས་ག་ནི་ཡང་མེད་ཟེར་ སླབ་མས་ཟེར་ཨིན་པས།
ལོག་ཁྱིམ་ནང་ འོང་བའི་ལམ་ཁར་ མོ་རའི་སྤུན་ཆ་ ཁྲིམས་སྲུང་འགག་པ་དང་ཕྱདཔ་ལས་ ཁོ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ ཁྱིམ་ནང་ ལྷོད་ནི་འབདཝ་ད་ བུམོ་དེ་ལས་ ཨམ་སྲུ་༨ ཀྱིས་ མོ་ཁ་བསྡམས་ཏེ་ སྣུམ་འཁོར་ནང་ཡོད་ཟེར་ འགྲུལ་འཕྲིན་ནང་ ཡིག་འཕྲིན་ཅིག་ ལྷོད་ཡོདཔ་མ་ཚད་ ཨམ་སྲུ་ཚུ་གིས་ མོ་ལུ་ ཧེ་མ་ མ་ལྷོད་པའི་ ས་གནས་ཅིག་ནང་ ཁྱིད་བསྐྱལ་ནི་ཨིན་ཟེར་ སླབ་མས་ཟེར་ བྲིས་བཏང་ཡོདཔ་ཨིན་པས།
དེ་ལས་ ཕམ་ཚུ་གིས་ བདེ་ཆེན་ཕུག་ལྷ་ཁང་དང་ ལྕང་སྒང་ཁ་ལྷ་ཁང་ནང་ གསེར་སྐྱེམས་ཕུལ་ཡོདཔ་མ་ཚད་ ཁྱིམ་ནང་ གསོལ་ཁ་ཕུལ་ཏེ་ དུས་ཡུན་སྐར་མ་༡༥ འི་རྒྱབ་ལས་ ད་རུང་ བུམོ་དེ་གིས་ ཨའི་ལུ་ མོ་ར་ སྣུམ་འཁོར་ནང་ལས་ བཏོན་བཞག་ཡོད་རུང་ ས་གོ་ག་ཏེ་ཨིན་ན་ མི་ཤེས་པས་ཟེར་བའི་ འགྲུལ་འཕྲིན་ལྷོད་པའི་ཤུལ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབདཝ་ད་ ཕུན་ཚོགས་གླིང་ལུ་ ལྷོད་ཡོདཔ་ཤེས་ཅི་ཟེར་ སླབ་མས་ཟེར་ཨིན་པས།
ཀུན་གསལ་གྱིས་ བུམོ་དེ་ལུ་ དྲི་བཀོད་འབདཝ་ད་ སླབ་མིའི་ནང་ མོ་ར་ དབང་བཟུང་ཐོག་ལས་ ཁྱིད་དགོ་པའི་ གནད་དོན་གཙོ་བོ་ར་ སློབ་གྲྭ་ནང་ འགྱོ་བའི་ལམ་ཁར་ གཟི་ལུང་ཁ་ལུ་ལྷོདཔ་ད་ སྣུམ་འཁོར་ཧ་ཡེསི་བཱསི་ཅིག་གིས་ བཀག་ཞིནམ་ལས་ དེ་ནང་ལས་ ཨམ་སྲུ་ཚུ་གིས་ མོ་ལུ་ ཏི་རུ་གནང་ཟེར་སླབ་ད་ མོ་གིས་ ཏི་རུ་མེད་ཟེར་ སླབ་མི་ལུ་བརྟེན་ དབང་བཙོང་ཐོག་ལས་ བཟུང་ཁྱིད་ཅི་ཟེར་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་པའི་སྐབས་ ཁོང་གིས་ ད་ལྟོ་ ཉམས་རྒུད་པའི་ སྤུན་ཆ་ཚུ་ལུ་ ཆ་རོགས་འབད་བའི་བསྒང་ཡོདཔ་མ་ཚད་ ད་ལྟོ་ བྱུང་རྐྱེན་དེ་ ཐོ་བཀོད་འབད་འབདཝ་མེད་ཟེར་ སླབ་ཨིན་པས།
སློབ་ཕྲུག་བུམོ་དེ་ ད་ལྟོ་ བཙན་ཁྲིད་འབད་འབདཝ་ཨིན་ན་ ཡང་ཅིན་ མོ་ར་ བྱོག་སོང་སོངམ་ཨིན་ན་ ངེས་ཏིག་སླབ་མི་ཤེས་པས་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
བུམོ་དེ་གི་ ཨཔ་དང་ཨའི་༢ ཆ་ར་ ཐིམ་ཕུ་རྫོང་ནང་ མེ་ཏོག་ལྡུམ་རའི་ ལཱ་འབད་མི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment